རྫུན་བཤད་ཡོད།

རྫུན་བཤད་བཞག་ཡོད།

བོད་མི་སྒྲིག་འཛུགས་རང་བཙན་རྩོད་སོང་།།

དབུ་མའི་ལམ་དེ་ཕྱིར་བསྡུ་བྱས་སོང་།།

གྲོས་ཚོགས་ནང་ནས་སྤྱི་མོས་བྱུང་སོང་།།

བཀའ་ཤག་ཁང་ནས་གསལ་བསྒྲལ་སྤེལ་སོང་།།

ལྷ་སའི་ཇོ་བོ་དགའ་ནས་བགད་སོང་།།

ཇོ་མོ་གླང་མས་ལག་པ་བརྡབ་སོང་།།

རྨ་འབྲི་གཉིས་པོས་འཚམ་འདྲི་ཞུས་སོང་།།

གཞིས་ལུགས་བོད་མིས་ཁ་བཏགས་གཡུག་སོང་།།

དེ་རིང་རྫུན་མ་བཤད་པའི་དུས་ཆེན་ལ་སྙན་ངག་གིས་སྲུང་བརྩི་ཞུས་པ་ཡིན།