བོད་མི་ཆབ་སྲིད་བཙོན་པ་ཞིག་ཀློད་གྲོལ།

2013_4_2_1

རྒྱ་གཞུང་གིས་བཙོན་འཇུག་འོག་དུས་ཡུན་ལོ་ངོ་༡༧ གྱི་རིང་དཀའ་སྡུག་འདྲ་མིན་མྱོང་བའི་ཆབ་སྲིད་བཙོན་པ་འཇིགས་མེད་རྒྱ་མཚོ། ལོ་འདིའི་ཕྱི་ཟླ་༣ ཚེས་༣༠ ཉིན་ཀློད་གྲོལ་ཐོབ་ནས་རང་ཁྱིམ་དུ་ལོག་ཡོད་པ་རེད་འདུག

དེ་ཡང་ཕྱི་ལོ་༡༩༩༦ ལོར་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། གསར་བརྗེར་ངོ་ལོག་པའི་ཚོགས་པ་བཙུགས་པའི་ཉེས་མིང་འོག་ཁོང་དང་ལྷ་ས་གྲོང་ཁྱེར་ཁོངས་ཀྱི་བོད་མི་ཁག་ཅིག་ལ་ཁྲིམས་ཐག་བཅད་ཡོད་པ་དང༌། སྐབས་དེར་འཇིགས་མེད་རྒྱ་མཚོ་ལ་དུས་ཡུན་ལོ་ངོ་༡༥ ཁྲིམས་ཐག་བཅད་དེ་གྲྭ་བཞི་བཙོན་ཁང་སོགས་སུ་ངལ་རྩོལ་སྒྱུར་བཀོད་བྱེད་བཅུག་ཡོད་པ་མ་ཟད། ཁོང་གིས་ ཕྱི་ལོ་༢༠༠༤ ལོར་བཙོན་ཁང་དུ་ཡང་༧གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག་ཅེས་སྐད་འབོད་བྱས་པའི་ཉེས་མིང་འོག་སླར་ཡང་དུས་ཡུན་ལོ་ངོ་༢ སྤར་ཏེ་ཁྱོན་བསྡོམས་ལོ ༡༧་གྱི་རིང་བཙོན་འཇུག་བྱས་ཡོད་པ་རེད།

2013_4_2_1འཇིགས་མེད་རྒྱ་མཚོ་དུས་ཡུན་ལོ་ངོ་༡༧ རིང་ལྷ་སའི་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། ཉེ་ཆར་ཕྱི་ཟླ་༣ ཚེས ༣༠ ཉིན་བཙོན་གྲོལ་ཐོབ་ནས་ཕ་ཡུལ་དུ་ཕེབས་ཡོད་ཀྱང་། དངོས་སུ་མཐོང་མཁན་ཚོས་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་ཚུལ་འདུག

འཇིགས་མེད་རྒྱ་མཚོ་ནི་བོད་ཨ་མདོ་བླ་བྲང་བསང་ཆུ་རྫོང་། གན་རྒྱ་ནས་ཡིན་པ་དང་། ཁོང་ལ་གན་རྒྱ་འཇིགས་མེད་ཞེས་འབོད་ཀྱི་ཡོད་པ་རེད།