བྱང་ཀོ་རི་ཡས་ཨ་རིར་དམག་འཁྲུག་གི་འཇིགས་སྐུལ།

2013_4_5_1

བྱང་ཀོ་རི་ཡའི་དམག་འཁྲུག་གི་འཇིགས་སྐུལ་སྨྲ་བརྗོད་སྔར་བས་ཤུགས་ཆེ་རུ་སོང་ཡོད་པ་དང་། དེ་བཞིན་བྱང་ཀོ་རི་ཡས་ཨ་རིར་ཉིང་རྡུལ་མཚོན་ཆའི་རྒོལ་རྡུང་གི་འཆར་གཞི་བཏང་ཟིན་ཡོད་ཅེས་བརྗོད་འདུག

2013_4_5_1དེ་ཡང་ཟླ་འདིའི་ཚེས་༣ཉིན་BBCརྒྱ་ཡིག་དྲ་རྒྱར་གནས་ཚུལ་སྤེལ་གསལ་ལྟར་ན།བྱང་ཀོ་རི་ཡའི་དམག་ཕྱོགས་ནས་ཨ་རིར་དམག་འཁྲུག་དེ་རིང་དང་སང་ཉིན་ལ་ལངས་སྲིད་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། བྱང་ཀོ་རི་ཡའི་གཞུང་འབྲེལ་གསར་ཁང་གིས་རེས་གཟའ་ཕུར་བའི་ཉིན་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་།ཀོ་རི་ཡའི་ཕྱོགས་ནས་ཕོ་བྲང་དཀར་པོ་དང་ཟུར་ལྔའི་ཁང་བརྩེགས་(ཨ་རིའི་བདེ་སྲུང་ལས་ཁུངས་ཀྱི་སྤྱི་ཁྱབ་བཀོད་འདོམས་ཁང་)(Pentagon)ལ་དངོས་སུ་དམིགས་ནས་ཨ་རིས་བྱང་ཀོ་རི་ཡར་དགྲ་འཛིན་སྲིད་བྱུས་ལ་བྱང་ཀོ་རི་ཡའི་མི་མང་དང་དམག་དཔུང་། དེ་བཞིན་རྩེར་སོན་ཉིང་རྡུལ་མཚོན་ཆས་ཐལ་བའི་རྡུལ་དུ་བརླག་རྒྱུ་ཡིན་ཞེས་འཁོད་ཡོད་འདུག

ཨ་རིའི་ཕྱོགས་ནས་གསར་ཏུ་ཐོན་པའི་འཇིགས་སྐུལ་ལ་ད་དུང་འཕྲལ་དུ་ལན་འདེབས་བྱས་མེད་ན་ཡང་།ཨ་རའི་རྒྱལ་སྲུང་དྲུང་ཆེས་དེ་སྔ་ནས་བྱང་ཀོ་རི་ཡས་ཨ་རི་དང་གནའ་འབྲེལ་རྒྱལ་ཁབ་ཁག་ལ་མངོན་གསལ་དོད་པོའི་འཇིགས་སྐུལ་གྲུབ་ཟིན་པརེད་ཅེས་བཤད་ཡོད་པ་རེད།