ཨ་མདོ་བསང་ཁོག་ཏུ་རྐུ་འཕྲོག་མི་བྱེད་རྒྱུའི་དམ་འཇོག

sangkhok2ཕྱི་ཟླ་༤ པའི་ཚེས་༡༠ དང་ཧོར་ཟླ་༣ པའི་ཚེས་༡ ཉིན་བོད་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་བསང་ཁོག་ཡུལ་འཚོའི་འམ། བསང་ཁོག་འཚོ་བ་བདུན་གྱི་རྒན་པོ་ལོ་ན་དྲུག་བཅུའི་མན་དང་གཞོན་པ་ལོ་ན་བཅོ་ལྔ་ཡན་གྱིས་རྐུ་འཕྲོག་བཅོམ་གསུམ་དང་ཤོ་རྒྱག་པ་སོགས་མི་བྱེད་རྒྱུའི་དམ་བཅའ་བཞག་ཡོད་པ་རེད།

ལས་འགུལ་དེའི་འགོ་འཛིན་མཁན་བསང་ཁོག་ཡུལ་འཚོའི་རྒན་པོ་དང་གཞི་རིམ་འགོ་ཁྲིད་བཅས་བསྡོམས་པའི་མི་གྲངས་༡༡༡ འཚོགས་ནས་བསང་ཁོའི་ས་ཆའི་ཕོ་སྐྱེས་དར་མ་ཡོངས་ཀྱིས་རྐུ་གཅོད་པ་དང་ཤོ་རྒྱག་མི་ཆོག་པའི་སྐོར་ལ་གྲོས་བསྡུར་བྱས་པའི་རྩ་བའི་ནང་དོན་བསྡུས་པ་ཁག་ཅིག་ཡོད་པ་རེད།

སྒྲིག་ཡིག་གི་ཤོག་ངོས་ཀྱི་མགོ་ལ་འདི་ལྟར་བྲིས་ཡོད་འདུག

༄། ཡོངས་བསྒྲགས་བརྡ་ཁྱབ་ཁྱུང་གཤོག་དྲུག་དཀར།

sangkhok2

གཅིག     གཏད་ཁེལ་བྱས་པའི་རྐུ་གཅོད་པའི་དུས་ཡུན་ནི་ལོ་ལྔ་སྟེ། སྤྱི་ལོ་༢༠༡༣ ལོའི་ཟླ་བ་༣པའི་ཚེས་༡ ནས་བཟུང་ཕྱི་ལོ་༢༠༡༨ ལོའི་ཟླ་བ་༣ ཚེས་༡༠ བར་ཡིན།

གཉིས  དུས་ཡུན་ལོ་ལྔ་བོ་འདིའི་ནང་དུ་ངས་ཕྱི་ནང་གཉིས་དང་བོད་རྒྱ་སོག་གསུམ་ཡུལ་གང་དུ་ཡང་རང་ཉིད་ཀྱི་རྩོལ་བ་མ་ཡིན་པའི་རྒྱུ་ནོམ་ཅ་དངོས་ཆུང་བ་ཁབ་སྐུད་ཙམ་ནས་ཆེ་བ་གསེར་དངུལ་བར་གྱི་གཞན་གྱི་ནོམ་པ་དིལ་འབྲུ་ཙམ་ཡང་མི་བརྐུ་མི་འཕྲོག་པ་མ་ཟད། རྐུ་མ་གཞན་པར་བློ་བཀོད་པ་དང་རོགས་རམ་རྒྱབ་སྐྱོར་གྱི་ལས་ཀྱང་རྩ་བ་ནས་མི་བྱེད་དོ་ཞེས་ཨ་མ་གྲགས་རྒྱལ་མ་དཔང་དུ་བཞག་སྟེ་མདུན་ནས་མནའ་སྐྱེལ་དགོས།

དགོས་རྒྱུ་ནོམ་པའམ་དངོས་པོ་ཆེ་བ་གསེར་དངུལ་དང་ཆུང་བ་ཁབ་དང་སྐུད་པ་ཙམ་ཡང་མི་རྐུ་བ་དང་མི་འཕྲོག་པར་མ་ཟད་རྐུ་མ་ལ་རྒྱབ་སྐྱོར་དང་རྐུ་རྫས་གསང་རོགས་མི་བྱེད་པའོ།

གསུམ    གལ་ཏེ་དུས་ཡུན་ལོ་ལྔ་ཡི་ནང་དུ་མནའ་དང་འགལ་ནས་རྐུ་བྱེད་པའམ་རྐུན་མ་ངན་པར་རོགས་བྱེད་པ་སོགས་ཀྱི་ལས་ལ་ཞུགས་ཚེ། བརྐུས་ཡོང་བའི་རྒྱུ་གྱ་ནོམ་པ་གང་ཡིན་ནའང་དེའི་མ་རྩའི་བརྒྱ་ཆའི་བཅུ་དང་བཅས་ཕྱིར་རྒྱུ་བདག་ལ་སྤྲད་དགོས་པ་མ་ཟད། རྐུ་མ་རྐུ་རོགས་གང་ཡིན་པ་དེའི་དངོས་མིང་དང་ཅི་ཞིག་བརྐུས་པ་སོགས་ཀྱི་གནས་ཚུལ་ཇི་བཞིན་ཡི་གེར་ཕབ་སྟེ་རྒྱང་བསྲིང་དང་གྱང་ངོས་སུ་སྦྱོར་རྒྱུ་ཡིན་འདུག

མནའ་སྐྱལ་དམ་བཅའ་འཇོག་ཡུལ་ནི་བསང་ཁོག་ཞིང་ངམ་བསང་ཁོག་ཡུལ་འཚོའི་ཨ་མ་གྲགས་རྒྱལ་མའི་ལྷ་ཁང་ཡོད་སར་བསང་གསོལ་བཏང་བ་དང་རླུང་རྟ་སྤར་རྗེས། ཨ་མ་གྲགས་རྒྱལ་མར་དཔང་དུ་བཙུགས་ནས་ཨ་མ་གྲགས་རྒྱལ་མའི་སྐུ་བརྙན་ལ་ཁ་བཏགས་རེ་ཕུལ་དེ། དུས་དེ་རིང་ནས་བཟུང་རྐུ་འཕྲོག་བཅོམ་གསུམ་སོགས་མི་བྱེད་པའི་གནའ་སྐྱལ་དམ་བཅའ་ཕུལ་ཡོད་འདུག

འབྲེལ་ཡོད་པའི་བརྗོད་ན་ཐེངས་འདིའི་ལས་འགུལ་འདི་ནི་དཔའ་བོ་དཔའ་མོ་དག་གི་ཁ་ཆེམས་དང་འབྲེལ་བ་ཡོད་པས་བོད་མི་ནང་ཁུལ་ལ་ལྡོག་རྩ་གཅིག་སྒྲིལ་ཡོང་བར་དམིགས་པ་ཞིག་སྐོར་འགྲེལ་བརྗོད་གནང་སོང་།

གནས་ཚུལ་མཁོ་གཏོང་བ་བསོད་ནམས།

sangkhok1