སྒོར་མོས་ཁྲིད་སོང། ་་་་་་་་་་་་་འཚོ་བའི་མྱོང་སྣང།

༡༽

དེ་རིང་གྲོགས་པོ་ཞིག་དང་གཏམ་གླེང་བྱས་

ཁོ་རྒྱང་རིང་རྒྱང་རིང་ཞིག་ན་སོང་བས

ཁ་པར་འབྱོར་བ་ཐོག་དང་པོ་རེད

མཐའ་མ་ཡང་ཡིན་སྲིད་པ་རེད་ཟེར

༢༽

བདེ་པོ་ཡིན་ནམ་ཟེར་ནས་དྲིས་པས

དོན་མཐུན་གྱི་ལན་ཞིག་གསལ་པོར་གནང

འཚོ་བ་གསར་པ་དེར་སྐྱིད་པོ་འདུག་གམ་དྲིས་པས

ལྷ་ཡུལ་དང་གཅིག་མཚུངས་རེད་འདུག་ཟེར

༣༽

ལས་ཀ་ཅི་ཞིག་བྱེད་ཀྱིན་ཡོད་དམ་ཟེར་དུས

ཙང་ཙིག་རེད་ཟེར

བཤད་མི་ནུས་པ་ཞིག་ཡོད་སྲིད་མོད

ངས་སྐྱར་འདྲི་མ་བྱས

༤༽

ཁྱེད་སླར་ཡང་ཕྱིར་ཡོང་རྒྱུ་ཡིན་ནམ་ཟེར་དུས

ག་བ་ག་བ་ཟེར

ཁྱེད་ཀྱི་སློབ་སྦྱོང་ལོ་མང་བྱས་པ་དེས་ཕན་པ་འདུག་གམ་ཟེར་དུས

ལོ་མང་རིང་དུས་ཚོད་བེད་མེད་དུ་སོང་འདུག་ཟེར

༥༽

བྱས་ན་ཁྱེད་ཀྱི་འཚོ་བ་ཡོངས་སུ་རྫོགས་པ་འགྱུར་ཟིན་ནམ་དྲིས་པས

དེ་རིང་ནས་ང་འཇིག་རྟེན་པ་ཞིག་ཡིན་ཟེར

བསམ་ཡུལ་ལས་འདས་པའི་སྐད་ཆ་ཞིིག་རེད

ངོ་མ་དྲན་མ་མྱོང་བའི་སྐད་ཆ་ཞིག་རེད

༦༽

ཁྱེད་རང་འདི་ཕྱོགས་ནས་ཕྱག་ལས་གནང་ན་ཡང་འགྲིག་འདུག་ཞུས་པར

སྒོར་མོ་སྟོང་ཕྲག་འགའ་ཞིག་ལ་བལྟས་ནས་བསྡད་ན་མི་ཚེ་བེད་མེད་རེད་ཟེར

ད་དུང་ཁྱོད་ཀྱང་འདི་ཕྱོགས་ལ་ཡོང་ན་སྒོར་མོ་ཡག་པོ་ཐོབ་ཀྱི་འདུག་ཟེར

དཀའ་ལས་ཅུང་ཙམ་འདུག་ཀྱང་དེ་ལ་སྐྱོན་མེད་ཟེར

༧༽

ངའི་་མི་ཚེའི་ནང་དེ་འདྲ་ཞིག་རྩ་བ་ནས་དྲན་མ་མྱོང་ལ

རྗེས་སུ་ཡང་ངའི་མི་ཚེའི་ཁ་ཕྱོགས་དེ་འདྲ་ཞིག་རྩ་བ་ནས་ཡིན་མི་སྲིད

སྤྱིར་བཙན་བྱོལ་བའི་ཁོར་ཡུག་གང་དུ་སོང་རུང

ཡོངས་རྫོགས་ཀྱིས་ཕུར་རྒྱུ་ལ་དགའ་ཞིག་དུངས་ནས་འདུག

༨༽

ད་དུང་སེམས་སྐྱོ་བ་ཞིག་ནི་བོད་དགེ་གང་མང་ཞིག་ཕྱི་གླིང་དུ་ཕུར་སོང

ཁོང་ཚོ་སྒོར་མོའི་དོན་དུ་སོང་བའི་རྗེས་སུ

སྒོར་མོས་ཁོང་ཚོ་ཁྲིད་པའི་རྗེས་སུ

ཕ་སྐད་ལ་དུངས་བའི་ཉག་མ་གསར་པ་གང་མང་ཞིག

རེ་བའི་མིག་ཟུང་མཆི་མས་ཁེངས་ནས་ལུས་འདུག

༩༽

དེ་དང་དུས་མཉམ་དུ

ཁོང་ཚོ་དང་འདྲ་བ་གང་མང་ཞིག་གི་སེམས་པ་

ག་ལེར་དེ་ཕྱོགས་ལ་ཤོར་ནས་འདུག

མི་བུ་སྒེར་ཞིག་གི་མི་ཆེ་དང

མི་རིགས་ཤིག་གི་ལས་དབང་ཁོང་ཚོ་དང་འབྲེལ་ནས་ཡོད་པ་མཁྱེན་མི་འདུག

༡༠༽

འགའ་ཞིག་གིས་

སློབ་དཔོན་ལགས་ཟེར་བའི་སྙན་ངག་འདྲ་བྲིས་འདུག

འགའ་ཞིག་གིས་ཁོང་ཚོ་ལ་འཁང་ར་འདྲ་བྱེད་ཀྱིན་འདུག

གང་ལྟར་ཡང་གཅིག་གི་རྗེས་སུ་གཅིག་གིས་འགྲོ་བཞྀན་འདུག

དེས་རྐྱེན་པས

གང་མང་ཞིག་གི་སེམས་ཁོངས་སུ་བག་ཆགས་ངན་པ་ཞིག་བཞག་ནས་འདུག