བྷོ་སི་ཏྲོན་འབར་གས་ཀྱི་ཉེས་ཅན་འཇུ་བཟུང་།

2013_4_22_1

ཉེ་ཆར་ཨ་རིའི་བྷོ་སི་ཏྲོན་རྒྱང་རྒྱུག་འགྲན་བསྡུར་སྐབས་འབར་རྫས་གས་གཏོར་དོན་རྐྱེན་གྱི་དོགས་གཞིའི་ཉེས་ཅན་པ་སྤུན་གཉིས་ལས་ཆེ་བ་དམར་གསོད་བཏང་ཡོད་འདུག་པ་དང་། སྤུན་ཆུང་བར་འཇུ་བཟུང་བྱས་པའི་བྲོས་ལམ་ནས་རྨས་སྐྱོན་ཚབས་ཆེན་ཕོག་རྐྱེན་ད་ལྟའི་ཆཪ་སྨན་ཁང་སྨན་བཅོས་བྱེད་བཞིན་ཡོད་པ་རེད་འདུག

དེའང་ཟླ་འདིའི་ཕྱི་ཚེས་༢༢ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་བྷོ་སི་ཏྲོན་(Marathon)མཱ་ར་ཐིང་ལོ་འཁོར་རྒྱང་རྒྱུག་འགྲན་བསྡུར་གྱི་ལྟད་མོ་བའི་ཉེ་འཁོར་དུ་འབར་རྫས་གས་གཏོར་གྱིས། མི་༣ རྐྱེན་ལམ་དུ་བཏང་བ་དང་མི་༡༨༠ ལྷག་རྨས་སྐྱོན་ཕོག་པའི་ནང་ནས་མི་༡༣ དབང་པོ་སྐྱོན་ཅན་དུ་བཟོས་པའི་དོན་རྐྱེན་སློང་མཁན་གྱི་དོགས་གཞིའི་ཉེས་ཅན་པ། ན་གཞོན་བུ་སྤུན་གཉིས་ཨ་རིའི་ཉེན་རྟོག་པས་རྩད་གཅོད་ཞིབ་ཚགས་བརྒྱུད་འཇུ་བཟུང་བྱེད་པའི་སྐབས། ཉེན་རྟོག་པ་དང་རྒོལ་ལན་སློག་རེས་ཀྱིས་སྤུན་ཆེ་བ་དམར་གསོད་བཏང་ཡོད་འདུག་པ་དང། གཞན་ཡང་སྐབས་དེར་ཉེན་རྟོག་དམག་མི་གཅིག་བསད་པ་དང་གཅིག་ལ་རྨས་སྐྱོན་ཕོག་ཡོད་པ་རེད།

2013_4_22_1ཨ་རིའི་འབྲེལ་ཡོད་ཉེན་རྟོག་ལས་ཁུངས་ནས་འབྲེལ་བརྗོད་བྱས་པར་གཞིགས་ན། དམར་གསོད་བཏང་བའི་སྤུན་ཆེ་བ་ཏྭ་མེ་རི་ཡན་ནི་ལྟ་ཐལ་རིང་ལུགས་པ་ཞིག་ཡིན་ཞིང་སྤུན་ཆུང་བ་རྫོ་ཁར་ཡང་ཁོའི་བསླུ་བྲིད་དང་ཇུས་འགོད་འོག་ཏུ་སོང་ཡོད་སྲིད་པ་དང་། ཉེན་རྟོག་པས་ཁོང་གཉིས་ཀྱི་ས་ནས་རང་བཟོས་འབར་རྫས་དང་གཞན་འབར་རྫས་ཧ་ཅང་མང་པོ་རྩད་གཅོད་ཐུབ་ཅིང་། ཁོང་གཉིས་ལ་དེ་ལས་མང་བའི་དྲག་སྤྱོད་སྤེལ་འཆར་གྱི་ཇུས་འགོད་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།

སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་སྤུན་ཆུང་བའི་ལྕེ་ལ་རྨས་སྐྱོན་ཕོག་སྟེ་ད་ལྟའི་ཆར་སྐད་ཆ་བཤད་ཐབས་མེད་ཀྱང་། ཉེན་རྟོག་པས་ཡི་གེ་བྲིས་ལན་ལ་བརྟེན་ནས་འདྲི་རྩད་བྱེད་བཞིན་ཡོད་པ་དང་། མིག་སྔར་ཁོང་གཉིས་ཀྱིས་ཀུན་སློང་ཅི་ཞིག་ལ་བརྟེན་ནས་དྲག་སྤྱོད་བྱས་པ་ཡིན་མིན་ཞིབ་ཚགས་ཤེས་རྟོགས་ཐུབ་མེད་པ་རེད། གཞན་ཡང་རང་ལོ་༡༩ ཅན་གྱི་རྫོ་ཁར་ལ་སྲོག་ཁྲིམས་གཅོད་སྲིད་པའི་ཚོད་དཔག་བྱེད་བཞིན་པ་རེད།

དྲག་སྤྱོད་དོགས་གཞིའི་ཉེས་ཅན་པ་ཁོང་གཉིས་ནི་ཨུ་རུ་སིའི་གྲངས་ཉུང་མི་རིགས་ཤིག་ཡིན་པ་དང་། ཕྱི་ལོ་༢༠༠༡ ལོར་ཕ་མ་གཉིས་དང་མཉམ་དུ་ཨ་རིར་སྐྱབས་བཅོལ་དུ་སླེབས་ཏེ་ད་ལྟར་ཨ་རིའི་མི་སེར་ཆགས་ཡོད་འདུག སྤུན་ཆེ་བའི་མིང་ལ་(Tamerian Tsarnaev)ཏཱ་མེ་རི་ཡན་ཟེར་ཞིང་ལོ་༢༦ ཡིན་པ་དང་སྤུན་ཆུང་བ་(Dzhokhar Tsarnaev)རྫོ་ཁར་རང་ལོ་༡༩ ཡིན་པ་རེད།

2013_4_22_2