༄༅།ཁྱོད་དགོས་དུས་མེད་ན་མེད་ཀྱང་ཆོག།།

ང་ལྟོ་འགྲངས་ཉི་མས་དྲོད་པའི་ཚེ།
གོས་ཟ་བཏུང་ཡོད་ཀྱང་དགོས་མེད་ཡིན།།
ང་ནད་མེད་ཚེ་རིང་བྱུང་བའི་དུས།།
ཁྱོད་ལྷ་སྲུང་ཡོད་ཀྱང་ཕན་མེད་ཡིན།།

ང་འཁྱངས་ཅིག་བཀྲེས་པའི་ལོོ་ཟླ་ལ།།
ནས་འབྲུ་སྡོག་གཅིག་ཀྱང་རིན་ཆེན་ཡིན།།
ང་བདུད་ཀྱི་ཞགས་པའི་བཟུང་བའི་དུས།།
ཁྱོད་ལྷ་སྲུང་ཕེབས་ན་སྐྱབས་ཡུལ་ཡིན།།

གཏམ་འདི་ལ་སོམས་ཤིག་ཁ་བའི་ལྷ།།
དུས་ད་ལྟ་མེད་ན་མེད་ཀྱང་ཆོག།།
དུས་ཉིན་མཚན་མཆོད་པ་དགོས་མེད་རེད།།
ཁྱོད་འཇིག་ཉམས་ཆེ་ཡང་འབྲས་མེད་རེད།།

ད་དཔའ་རྩལ་ཡོད་ན་ངོམ་དུས་རེད།།
ད་འཇིག་ཉམས་ཡོད་ན་སྟོན་དུས་རེད།
ད་མཆོད་འབྲས་ཡོད་ན་སྨིན་དུས་རེད།།
ཁྱོད་དགོས་དུས་མེད་ན་མེད་ཀྱང་ཆོག།།