རྐང་སྤོལ་རྩེད་འགྲན་པ་བྷེ་ཁེམ་གྱིས་རྐང་སྤོ་རྩེད་མཚམས་བཞག་པ།

u3082p6t12d4203114f44dt20090208042503ཟླ་འདིའི་ཕྱི་ཚེས་༡༥ ཉིན་གྱི་དགོང་མོར། དབྱིན་ཡུལ་གྱི་རྐང་རྩེད་སྤོ་ལོ་རྩེད་འགྲན་པ་གྲགས་ཅན་བྷེ་ཁེམ་གྱིས་དབྱིན་ཇི་རྐང་སྤོལ་སྤྱི་ཁྱབ་དྲ་ཚིགས་བརྒྱུད་ནས་ད་ལོའི་རྐང་སྤོལ་རྩེད་དུས་མཇུག་བསྒྲིལ་མ་ཐག་རྐང་རྩེད་སྤོ་ལོ་རྩེད་མཚམས་འཇོག་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད།

རང་ལོ་༣༨ ཡིན་པའི་བྷེ་ཁེམ(David Beckham) གྱིས་དབྱིན་ཡུལ་རྐང་རྩེད་སྤོ་ལོ་རུ་ཁག་གི་རུ་དཔོན་བྱེད་མྱོང་བ་དང་། རང་ལོ་༡༤ ཐོག་དབྱིན་ཇིའི་རྩེ་ཕུད་སྡེ་ཚོགས་མཱན་ཆེ་སུ་ཊར་མཉམ་འབྲེལ་རྐང་སྤོལ་རུ་ཁག་ཏུ་འཛུལ་ཞུགས་བྱས་ཡོད་པ་དང་། སྔ་ཕྱིར་རྩེད་འགྲན་ཐེངས་༣༩༨ བྱེད་མྱོང་བའི་ཁྲོད། ཐེངས་༦ ལ་དབྱིན་ཇིའི་རྩེ་ཕུད་སྡེ་ཚོགས་མཉམ་འབྲེལ་གྱི་གསེར་བུམ་དང་ཡུ་རོབ་གསེར་གྱི་བུམ་པའི་རྟགས་མ་ཐོབ། ཕྱི་ལོ་༢༠༠༣ ལོར་སི་པཎ་རྒྱལ་རྒྱུད་མཱེ་ངྷི་རི་ངྷི(Real Madrid)་རུ་ཁག་ཏུ་འཛུལ་ཞུགས་ཀྱིས་ལཱ་ལི་གྷ་གསེར་གྱི་རྟགས་མ་ཐོབ་པ་དང་དུས་མཚུངས་ཨ་རིའི་ལཱོ་སེ་ཨེ་རྗན་སིའི་( Los Angeles Galaxy )རྐང་སྤོལ་རུ་ཁག་ཏུ་ནུས་པ་ཆེན་པོ་འཐོན་ཡོད་པ་རེད།

༡༩༩༦ ལོར་བྷེ་ཁེམ་གྱིས་ཐེངས་དང་པོར་རྒྱལ་ཁབ་རྐང་སྤོལ་རུ་ཁག་གི་སྐུ་ཚབ་ངོས་ནས་རྩེད་འགྲན་བྱས་པ་དང་། ཕྱི་ལོ་༢༠༠༠ ལོ་ནས་༢༠༠༦ ལོིའི་བར་དབྱིན་ཡུལ་རྐང་སྤོལ་རུ་ཁག་གི་རུ་དཔོན་གྱི་འགན་ཁུར་ཏེ། རྒྱལ་ཁབ་རྐང་སྤོལ་རུ་ཁག་གི་ཆེད་དུ་ཁྱོན་རྩེད་ར་༡༡༥ ནང་ རྩེད་འགྲན་བྱས། ༢༠༠༩ ལོར་རྒྱལ་ཁབ་ཀྱི་རྐང་སྤོལ་རུ་ཁག་ནས་ཕྱིར་འཐེན་བྱས་ཡོད་པ་རེད།

ད་ལོའི་ཕྱི་ཟླ་དང་པོར་བྷེ་ཁེམ་ཧྥ་རན་སིའི་ཕེ་རི་སན་ཏྲི་རྗར་མན་ (Paris St Germain)རྐང་སྤོལ་རུ་ཁག་ཏུ་ཡང་བསྐྱར་འཛུལ་ཞུགས་བྱས་ཏེ། རྩེད་འགྲན་གྱི་ཕོག་ཐོབ་ཆ་ཚང་བྱམས་བརྩེའི་རོགས་སྐྱོར་ཚོགས་པར་ཞལ་འདེབས་ཕུལ་ཡོད་པ་དང་། ད་ལོའི་ཕྱི་ཟླ་༣ པར་རྒྱ་ནག་ཏུ་བསྐྱོད་དེ་རྒྱ་ནག་རྐང་རྩེད་སྤོ་ལོའི་སྣང་བརྙན་སྐུ་ཚབ་ཆེན་མོ་ཞེས་པའི་འགན་ཁུར།

u3082p6t12d4203114f44dt20090208042503

བྷེ་ཁེམ་གྱིས་བརྗོད་རྒྱུར། “ངས་སེམས་གཏིང་ནས་ཕེ་རི་སི་ཏྲི་རྗར་མན་རུ་ཁག་གིས་ང་ལ་ཡང་བསྐྱར་རྩེད་འགྲན་གྱི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཡིན་ནའང་ངས་ད་ནི་རང་ཉིད་ཀྱི་ཆེད་ལས་ནས་ཕྱིར་འཐེན་བྱེད་པའི་དུས་ཚོད་ལ་སླེབས་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད། ”

ཁོང་གིས་མུ་མཐུད་དུ་བཤད་རྒྱུར། “ ང་ཆུང་བྱིས་པ་ཡིན་དུས་སུ། གལ་ཏེ་ཁྱོད་ཀྱིས་ང་ལ་ང་རང་འཚར་ལོངས་བྱུང་སའི་དབྱིན་ཡུལ་གྱི་རྐང་སྤོལ་རུ་ཁག་ཆེ་ཤོས་མཱན་ཆེ་སུ་ཊར་མཉམ་འབྲེལ་(Manchester united)དུ་རྐང་སྤོལ་བརྩེ་སྟེ་གསེར་གྱི་རྟགས་མ་ལེན་འདོད་ཡོད་དམ་ཞེས་དྲིས་ན། ངས་ཁྱོད་ལ་དེ་ནི་སྟོང་བསམ་རེད་ཅེས་བརྗོད་སྲིད། ཡིན་ནའང་ལམ་འགྲོ་ཧ་ཅང་ཆེ། ད་ལྟ་ཕུགས་བསམ་ཚང་མ་མངོན་གྱུར་བྱུང་ཡོད་” ཟེར།

ཁོང་གིས་ད་དུང་བརྗོད་རྒྱུར། “ང་རྩེད་འགྲན་ལ་དགའ་བ་ནི་སུ་དང་གང་གིས་ཀྱང་ཚབ་མཚོན་བྱེད་ཐབས་མེད།  དེའི་ཕྱིར། ད་ལྟ་ངས་རྩོད་འགྲན་གསར་པ་ཞིག་གི་མདུན་བསུས་ཡོད་ལ། མ་འོངས་པར་སྤྲོ་སེམས་ཀྱི་ཁེངས་ཡོད་”ཅེས་བཤད་ཡོད་པ་རེད།།