རང་བཙན་ལངས་ཕྱོགས་སྒྱུར་བཅོས་དགོས་མིན་གྱི་བསམ་ཚུལ།

dawa_gyalpoཉེ་བའི་ཆར་ནས་གཞོན་ལྷན་གྱི་རང་བཙན་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་བསམ་ཚུལ་ཁག་ཅིག་སྤྱི་ཚོགས་ནང་བྱུང་ཡོད་པས། གཞོན་ལྷན་གྱི་ཚོགས་ཆེན་ཐོག་བཅར་བའི་རྒྱ་གར་ས་ལུ་སྒར་ས་གནས་གཞོན་ནུའི་ཚོགས་གཙོ་ཟླ་བ་རྒྱལ་པོ་ལ་བཅར་འདྲི་བྱས་པར། ཁོང་གིས། “ཉེ་ཆར་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་བའི་སྐབས་ང་ཚོའི་སྤྱི་ཚོགས་ནང་། གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་སྐོར་གྱི་གླེང་སློང་ཞིག་བྱུང་སྟེ།

སྤྱི་ཚོགས་ནང་བརྡབ་གསིག་ཞེ་དྲག་འགྲོ་ཡི་ཡོད་རེད། ཡིན་ན་ཡང་ང་རང་གཞོན་ནུའི་ཚོགས་མི་ཞིག་ཡིན་པའི་ཆ་ནས་བཤད་ན། ལངས་ཕྱོགས་ལ་འགྱུར་བ་གཏོང་ཟེར་བ་དེ་འདྲ་ཡོད་མ་རེད། ལངས་ཕྱོགས་ལ་འགྱུར་བ་ཡོང་གི་མ་རེད། ཡིན་ན་ཡང་ལས་ཀའི་ངོ་བོར་འགྱུར་བ་འགྲོ་སྲིད་ཀྱི་རེད་”ཅེས་བརྗོད་བྱུང་།

tsewangཧོང་སུར་རབ་རྒྱས་གླིང་གི་ས་གནས་གཞོན་ནུའི་ཚོགས་གཙོ་རྟ་མགྲིན་ཚེ་དབང་གིས་“ང་ཚོའི་ས་གནས་ཀྱི་མི་མང་ཆེ་བས་ཚོགས་ཆེན་འདིའི་ཐོག་༧གོང་ས་མཆོག་གི་དགོངས་གཞི་ལྟར། དབུ་མའི་ལམ་གྱི་ཐོག་ཤར་བསྐྱོད་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་མུ་མཐུད་དུ་གནས་དགོས་པ་གང་ཞིག་ལ། ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་ཀྱི་འདུག་”ཅེས་བརྗོད་བྱུང་།

 

chung_chungསྒང་ཏོག་ས་གནས་གཞོན་ནུའི་སྐུ་ཚབ་ཆུང་ཆུང་གིས། “དེང་སང་མི་མང་པོ་ཞིག་གིས་རྒྱལ་བ་རིན་པོ་ཆེའི་བཀའ་སྒྲུབ་ཀྱི་མི་འདུག་མདོག་མདོག་གིས་ང་ཚོར་སྐྱོན་བརྗོད་བྱེད་ཀྱི་འདུག ང་ཚོས་རང་བཙན་རྩོད་ཀྱི་ཡོད་རེད། ཡིན་ན་ཡང་རྒྱལ་བ་རིན་པོ་ཆེའི་བཀའ་དང་མ་འགལ་བའི་ཐོག་ཞི་བའི་ལམ་ནས་རྩོད་ཀྱི་ཡོད་རེད། ང་ཚོས་འཚེ་བ་བྱེད་ཀྱི་ཡོད་མ་རེད། རང་བཙན་རྩོད་ཆོག་གི་རེད་མང་གཙོ་རེད། ང་ཚོར་ཁྱེད་རང་ཚོའི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་ཀྱི་འདུག་ཅེས་གཞུང་དང་ཚོགས་པ་ཁག་སུས་ཀྱང་ལབ་ཐུབ་ཀྱི་མ་རེད་”ཅེས་བརྗོད་བྱུང་།

ཁེ་ན་ཌ་ས་གནས་གཞོན་ནུའི་རྒྱུན་ལས་སྒྲོལ་མ་མཚོས། “ང་ཚོགས་བཅར་དགོས་དོན་གཙོ་བོ་བོད་རང་བཙན་མུ་མཐུད་གནས་དགོས་པའི་ཆེད་དུ་ཡིན། གང་ཡིན་ཞེ་ན། ཉེ་ཆར་རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་ཁག་ཅིག་དུ་གཞོན་ནུའི་ལངས་ཕྱོགས་དེ་དབུ་མའི་ལམ་ལ་བསྒྱུར་དགོས་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་གྱི་འདུག དེར་བརྟེན། ས་གནས་རྒྱུན་ལས་དང་སློབ་སྟོན་པ། dolma_tso_tycརྒྱུན་ལས་ཟུར་པ་ཚང་མ་མཉམ་དུ་གྲོས་བསྡུར་བྱས་ཏེ་ཐག་གཅོད་བྱས་ནས་ང་འདིར་ཡོང་བ་ཡིན། གལ་སྲིད་གཞོན་ལྷན་གྱི་རང་བཙན་གཙང་མའི་ལྟ་བ་དེ་དབུ་མའི་ལམ་ལ་བསྒྱུར་ན། ང་ཚོའི་ས་གནས་གཞོན་ལྷན་སྒོ་བརྒྱབ་ན་འགྲིག་ས་རེད། དབུ་མའི་ལམ་གྱི་ཚོགས་པ་ཞིག་ཡོད་བཞིན་དུ་ཚོགས་པ་གཉིས་དགོས་དོན་མི་འདུག སྤྱིར་བཏང་རྒྱལ་ཁབ་ཅིག་ལ་ལྟ་བ་གཉིས་དགོས་པ་དེ་འཛམ་གླིང་གི་འགྲོ་སྟངས་རེད། ཡིན་ཡང་ཧ་མི་གོ་མཁན་ཚོས་རྒྱལ་བ་རིན་པོ་ཆེར་ཁ་གཏད་ལྟ་བུ་མཐོང་གི་ཡོད་པ་རེད། ཆབ་སྲིད་རྩོད་སྐབས་ཕར་ཕྱོགས་ལ་གནོད་པ་ཞིག་དགོས་ཀྱི་རེད་ལ། རྒྱ་མིར་གནོད་པ་དེ་རང་བཙན་གཙང་མ་རྩོད་རྒྱུ་དེ་རེད།  ང་ཚོ་དེར་མུ་མཐུད་གནས་ཆེད་དུ་ཚོགས་བཅར་ཞུས་པ་ཡིན་”ཞེས་བརྗོད་སོང་།

ngodup_sonam_tycསྤོག་ར་ས་གནས་གཞོན་ནུའི་རྒྱུན་ལས་རྟ་མགྲིན་ཚུལ་ཁྲིམས་ཀྱིས། “༧སྐྱབས་མགོན་རིན་པོ་ཆེས་སྔ་ཕྱི་བར་གསུམ་དུ་མ་འོངས་སྔོན་གཟིགས་ཀྱི་བཀའ་སློབ་མང་པོ་ཕེབས་ཀྱི་ཡོད་པས། དེ་གཞིར་བཟུང་གིས་སོ་སོའི་ལངས་ཕྱོགས་དེ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་རྒྱུའི་སེམས་པའི་ནང་དུ་ཡོད། སྔོན་མ་ཡིན་ན་སོ་སོའི་ལངས་ཕྱོགས་རང་བཙན་རེད། གཞོན་ལྷན་གནད་དོན་དེ་ལོ་བཞི་ལྔ་སྔོན་ནས་དབུ་མའི་ལམ་དང་དེའི་སྐོར་ལ་ཚོགས་མིའི་ནང་དོ་ཕོག་འདྲ་ཡོང་གི་ཡོད་པ་རེད། ཡིན་ཡང་སོ་སོས་ལངས་ཕྱོགས་བརྟན་པོ་བཟུང་ནས་ས་གནས་སུ་སོ་སོས་ཅིག་བྱེད་དགོས་བསམ་པའི་སྤོབས་པ་ཡོད། ང་ཚོའི་ཁ་གཏད་དགྲ་བོ་དེ་དགྲ་བོ་རྒྱ་དམར་རེད།  ང་ཚོས་ལས་འགུལ་སྤེལ་ཡོང་དུས་ཁོང་ཚོའི་སྙིང་ལ་ཚེར་མ་ཟུག་པ་བཞིན་གྱི་འགོག་རྐྱེན་འཕྲད་ཀྱི་ཡོད་པས། དེ་དགེ་མཚན་མཐོང་ནས་རང་བཙན་བཤད་པ་ཡིན། ད་ལྟ་བཀའ་སློབ་མང་པོ་མ་འོངས་སྔོན་གཟིགས་གྱི་ཐོག་ནས་གནང་ཡོད་པ་རེད། དེ་གཞིར་བཟུང་གིས་སོ་སོའི་ལངས་ཕྱོགས་དེ་དབུ་མའི་ལམ་ལ་རྒྱབ་སྐྱོར་དགོས་དོན་དེ། སྤྱིར་རང་བཙན་རྩོད་རྒྱུའི་ཐོབ་ཐང་ཡོད་པ་རེད་སྐྱབས་མགོན་རིན་པོ་ཆེས་གསུངས་ཡོད་པ་རེད། ཡིན་ནའང་དུས་ཚོད་ལ་བསྟུན་ནས་ང་རང་ཚོར་གྱོང་མ་རག་པ་དང་། རྒྱ་མི་ངོ་ཚ་ཁ་སྐྱེང་དགོས་པའི་གནད་དོན་མ་ཡོང་ཆེད་དུ་རང་གཞན་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ཕེབས་ཐུབ་ན་ཡང་པོ་ཡོད་པ་རེད་གསུང་གི་ཡོད་པ་རེད། སྔོན་མ་ད་ལྟ་ནང་བཞིན་བཀའ་སློབ་ཕེབས་ཀྱི་ཡོད་པ་མ་རེད། ད་ལྟ་རྒྱ་གར་ས་ལཱ་གྷལ་དུ་དབུ་མའི་ལམ་གྱི་ཐོག་ནས་བརྒྱ་ཆ་བརྒྱ་དོན་དག་འགྲུབ་ཀྱི་རེད་ཅེས་བཀའ་སློབ་ཕེབས་ཡོང་དུས། སོ་སོའི་ངོས་ནས་ཀྱང་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་དགོས་དོན་དེ་རེད་”ཅེས་བརྗོད་སོང་།

དབུ་མའི་ལམ་གྱི་ཚོགས་པ་ཞིག་ཡོད་པ་རེད། གཞོན་ལྷན་གྱི་ལངས་ཕྱོགས་བསྒྱུར་དེ་དབུ་མའི་ལམ་གྱི་ཚོགས་པ་གཞན་ཞིག་དགོས་པ་གལ་ཆེན་པོ་རེད་དམ་ཞེས་དྲིས་པར། “དེ་དངོས་ཡོད་རེད། ས་གནས་ཁག་མང་པོ་ནས་ཚོགས་མི་ཡོང་སྟེ། དེའི་ཐོག་གྲོས་བསྡུར་ཡོང་གི་ཡོད་པ་རེད། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་གཞིར་བཟུང་གིས་ཚོགས་ཆེན་སྔ་བསྣུར་གྱིས་ཉིན་དང་པོར་གྲོས་བསྡུར་བྱས་ནས་ཐག་གཅོད་ཀྱི་རེད་”ཅེས་བརྗོད་སོང་།།