ཡུ་རོབ་གནའ་འབྲེལ་གྱིས་སི་རི་ཡར་དམིགས་པའི་གྲོས་ཆོད།

དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ཧེ་གྷུ་ཡིས་བརྗོད་པ་ལྟར་ན། རྒྱལ་ཁབ་༢༧ ལས་གྲུབ་པའི་ཡུ་རོབ་གནའ་འབྲེལ་གྱིས་སི་རི་ཡར་གོ་མཚོན་བཀག་སྡོམ་གྱི་གྲོས་གཞི་བསྐྱར་བཅོས་ཀྱི་ལམ་ནས། དྲག་ཆས་ལ་བརྟེན་ནས་ཨོ་ས་མའི་སྲིད་གཞུང་འགོ་རྟིང་སློག་འཆར་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་འདུག

ཟླ་འདིའི་ཕྱི་ཚེས་༢༧ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཡུ་རོབ་གནའ་འབྲེོལ་གྱི་མཱ་ར་ཐཱོན་ཞེས་པའི་ཚོགས་ཆེན་མཇུག་སྒྲིལ་མ་ཐག  རེས་གཟའ་ཟླ་བའི་ཉིན་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་གྱིས་བྷིར་ཟིལ་དུ་གྲོས་མཐུན་ཆིངས་ཡིག་དེ་ཁྱབ་བསྒྲགས་བྱས་ཡོད་ཅིང་།  ཡུ་རོབ་གནའ་འབྲེལ་གྲོས་མོལ་སྐབས་སུ་སི་རི་ཡ་གྱེན་ལངས་ཤོག་ཁག་ལ་རྒྱབ་སྐྱོར་ཚད་གང་འདྲ་ཞིག་བྱེད་དགོས་མིན་ཐད། ནང་ཁུལ་དུ་བསམ་ཚུལ་མི་མཐུན་པའང་བྱུང་ཡོད་འདུག

དབྱིན་ཡུལ་དང་ཧྥ་རིན་སིའི་རྒྱལ་ཁབ་ནི་ཐོག་མར་ནས་སི་རི་ཡའི་དྲག་ཆས་གྱེན་ལངས་ཤོག་ཁག་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པ་དང་། ཨོ་སི་ཁྲུ་ལི་ཡ་དང་རྒྱལ་ཁབ་གཞན་ཁ་ཤས་ཀྱིས་བྱེད་ཐབས་དེ་ལ་ངོ་རྒོལ་བྱས་ཏེ། སི་རི་ཡའི་ནང་འཁྲུག་ཛ་དྲག་ཏུ་བཏང་བའི་སེམས་འཚུབ་བྱེད་བཞིན་པ་རེད།

དབྱིན་ཡུལ་གྱིས་ཨོ་སི་ཁྲུ་ལི་ཡའི་དགག་བྱ་ལ་མངོན་གསལ་དོད་པོས་བསྟུན་ཤེས་བྱས་ཡོད་པ་དང་།  དབྱིན་ཡུལ་ཕྱི་སྲིད་བློན་ཆེན་ཧེ་གྷུ་ཡིས།  “གོ་མཚོན་བཀག་སྡོམ་གྱི་གྲོས་གཞི་བསྐྱར་བཅོས་དེ་རེས་གཟའ་སྤེན་པའི་ཉིན་དོན་འཁྱོལ་ཡོང་བའི་རྗེས་སུ་ཡང་། དབྱིན་ཡུལ་གྱིས་ལམ་སང་སི་རི་ཡའི་གྱེན་ལངས་ཤོག་ཁག་ལ་གོ་མཚོན་མཁོ་འདོན་བྱེད་རྩིས་མེད་པ་དང་། མིག་སྔར་སི་རི་ཡའི་སྲིད་གཞུང་གི་གོ་མཚོན་བཀག་སྡོམ་དང་ཡུ་རོབ་གནའ་འབྲེལ་གྱིས་སི་རི་ཡར་དམིགས་པའི་ཉེས་ཆད་ཀྱི་བྱེད་ཐབས་གཞན་དག་ཁག་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ་ཡིན་”ཞེས་བརྗོད་ཡོད་འདུག