རྒྱ་ནག་ཏུ་གཤེར་རླངས་ཁ་ཤོར་བའི་དོན་རྐྱེན་བྱུང་བ།

རྒྱ་ནག་ཅེ་ལི་ཞིང་ཆེན་ཏི་ཧྥི་གྲོང་ཁྱེར་གྱི་བཤས་ར་ཞིག་ཏུ་གཤེར་རླངས་ཁ་ཤོར་བ་ལ་བརྟེན་ནས་འབར་གས་གྱི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་༡༡༩ རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་ཕོག་ཡོད་འདུག

རྒྱ་ནག་གི་ཞིན་ཧྭ་དྲ་ཐོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། འབར་གས་ཀྱི་དོན་རྐྱེན་ཕྱི་ཟླ་༦ པའི་ཚེས་༣ ཉིན་གྱི་ཞོགས་པ་བྱུང་ཡོད་པ་དང་། འབར་གས་ལ་བརྟེན་ནས་མེ་ཆེན་པོ་ཤོར་ཡོད་འདུག་ཀྱང་། ད་ལྟའི་ཆར་མེ་གསོད་ཐུབ་ཡོད་པ་རེད་འདུག

དོན་རྐྱེན་དེ་རྒྱ་ནག་གི་ཏི་ཧྥི་གྲོང་ཁྱེར་དུ་ཡོད་པའི་ཁེ་ལས་བཟོ་གྲྭ་ཞིག་གི་བཤས་རའི་ནང་དུ་བྱུང་ཡོད་པ་དང་། ད་ལྟའི་ཆར་གནས་ཚུལ་ཐོན་པ་ལྟར་ན། འབར་གས་དེའི་བྱུང་རྐྱེན་དེ་གློག་དང་འབྲེལ་བ་ཡོད་འདུག བཤས་རའི་ནང་དུ་ཆུ་མང་པོ་ཡོད་པ་དང་། འདས་གྲོངས་དང་རྨས་སྐྱོན་ཕོག་པ་མང་ཆེ་བ་གློག་གིས་བཟོས་པ་ཡིན་འདུག   ད་ལྟའི་ཆར་མུ་མཐུད་དུ་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་རེད། །