རང་གི་ཁྱོ་གའི་ཕོ་མཚན་གཏུབ་པ།

2013_8_17_5

བྷར་ཛིལ་གྱི་བུད་མེད་ཅིག་གིས་ཁྱོ་གས་སྐྱེས་པ་གཞན་ཞིག་དང་མཉམ་དུ་མཚན་མཐུན་ལུས་འབྲེལ་བྱས་པ་ཤེས་ཏེ། ཤ་འཁོན་རྩོད་ཆེད་ཁྱོ་གའི་ཕོ་མཚན་བཅད་ཡོད་འདུག

དེའང་ཟླ་འདིའི་ཕྱི་ཚེས་༡༦ ཉིན་བྷར་ཛིལ་གྱི་གྲོང་ཁྱེར་སོའོ་པོ་ལོ་(São Paulo) རུ་གནས་སྡོད་བྱེད་པའི་བུད་མེད་ལོ་ན་༢༨ ཅན་ཞིག་གིས། ཁོ་མོའི་ཁྱོ་གས་སྐྱེས་པ་གཞན་ཞིག་དང་མཉམ་དུ་ལུས་འབྲེལ་བྱས་པ་ཤེས་རྟོགས་བྱུང་བའི་རྗེས། ཁོང་ཁྲོ་ཆེན་པོའི་འོག་ཤ་འཁོན་རྩོད་རྒྱུའི་སེམས་ཐག་བཅད་པ་དང་། མཚན་མོར་ཁྱོ་ག་དང་མཉམ་དུ་“མཚན་མའི་རོལ་རྩེད”་བྱེད་རྒྱུའི་མགོ་གཡོགས་ཏེ། ཉལ་ཁྲིའི་སྒང་དུ་དམར་ཧྲེང་མ་དམ་པོར་བསྡམས་པའི་རྗེས། ཐབ་ཚང་དུ་སོང་ནས་བག་ལེབ་གཏུབ་བྱེད་ཀྱི་གྲི་ཁྱེར་ཏེ་ཕྱིར་ཉལ་ཁང་དུ་ལོག་པའི་རྗེས། ཁྱོ་གའི་ཕོ་མཚན་གྲིས་གཏུབ་ཏེ་བཅད་ཡོད་འདུག

2013_8_17_5ཁྱོ་ག་ཉལ་ཁྲིའི་སྒང་དུ་དམ་པོར་བསྡམས་ཡོད་པས་ཕྱིར་ལན་སློག་རྒྱུའི་ནུས་པ་མེད་པར། བལྟས་བལྟས་རིག་རིག་ལ་རང་གི་ཕོ་མཚན་བཅད་ཡོད་པ་རེད། དེ་མུར་ཛ་དྲག་ངང་སྨན་ཁང་དུ་བསྐྱལ་ཡོད་ཀྱང་། ཕོ་མཚན་སླར་ཡང་མཐུད་ཐབས་མེད་པ་དང་།   སེམས་གནག་ཅན་གྱི་བུད་མེད་ཡང་དེ་མ་ཐག་འཇུ་བཟུང་བྱས་ཡོད་འདུག