དུས་གཅིག་ལ་ཕྲུ་གུ་བརྒྱད་སྐྱེས་འདུག
སྨན་པས་བརྗོད་དོན་ང་ཚོས་མངལ་དུ་ཕྲུ་གུ་བདུན་ཡོད་པ་གཞིར་བཞག་སྟེ་བཤའ་བཅོས་བྱས་པ་ཡིན། ཧང་སང་དགོས་པ་ཞིག་ལ་ཕྲུ་གུ་གཅིག་ང་ཚོས་ཚོད་རྩིས་བྱས་པ་ལས་མང་བ་འདུག་ཅེས་དང༌། ཕྲུ་གུ་གསུམ་ལ་དབུགས་འབྱིན་རྔུབ་ཀྱི་དཀའ་ངལ་ཅུང་ཟད་འཕྲད་ཡོད་པ་ལས། གཞན་རྣམས་ཀྱི་གཟུགས་གཞི་དང་གནས་བབས་རྒྱུན་ལྡན་རེད་འདུག ཨ་མའི་གཟུགས་པོ་བདེ་ཐང་ཡིན་པས་བདུན་འགའི་རྗེས་སུ་ཕྲུ་གུ་ཚང་མར་ནུ་འོ་སྤྲད་ཐུབ་ངེས་དང་ལྟ་རྟོགས་བྱེད་ཐུབ་ངེས་ཡིན་ཞེས་བརྗོད་ཡོད་པ་རེད། ཡིན་ན་ཡང་ཨ་མའི་སྡོད་གནས་དང་རྒྱུན་ལྡན་གྱི་འཚོ་བ་སོགས་ཀྱི་སྐོར་སྨན་ཁང་ནས་གསལ་བསྒྲགས་གང་ཡང་བྱས་མི་འདུག
ཕྱི་ལོ་ ༡༩༩༨ ལོར་ཨ་རིའི་ནང་བུད་མེད་གཅིག་ལ་དུས་གཅིག་ཏུ་ཕྲུ་གུ་བརྒྱད་སྐྱེས་ནས་གཅིག་མ་གཏོགས་ཚང་མ་གསོ་ཐུབ་ཡོད་པ་རེད། ཨ་མ་འདིས་གསར་འགོད་པར་དམིགས་བསལ་ཅན་གྱི་ཕྲུ་གུ་སྐྱེ་སྟངས་འདི་ནི་དཀོན་མཆོག་གིས་ང་ཚོར་བྱིན་རླབས་གནང་བ་རང་རེད་ལ། བྱིན་རླབས་མངོན་དུ་གྱུར་པ་འདི་ལ་བརྟེན་ནས་མི་ཚེ་བདེ་སྐྱིད་ལྡན་པའི་ངང་ནས་སྐྱེལ་རྒྱུ་བྱུང་སོང་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད། < འདྲ་པར་འདི་ནི་ཨ་མས་ཕྲུ་གུ་རྣམས་ལ་སྐྱེས་སྐར་གཏོང་བཞིན་པའི་སྐབས་ཤིག་ལ་རེད།>