ཞི་རྒོལ་བ་ཁག་ཅིག་ལ་ཁྲིམས་ཆད།
དཀར་མཛེས་མཐའ་མེད་གྲོང་ནས་ཡིན་པ་ཕ་སྣ་སྐད་ཀྱི་བུ་མོ་རང་ལོ་༢༩ ཅན་བཙུན་མ་ལྷ་མོ་བཅས་བཙུན་མ་ཁག་གཅིག་ནས་༢༠༠༨ ཟླ་༦ ཚེས་༡༨ ཉིན་རྫོང་ཐོག་ཏུ་ཞི་རྒོལ་བྱས་རྐྱེན་འཛིན་བཟུང་བྱས་ནས་ཟླ་༡ ཚེས་༡༥ ཡས་མས་ཞིག་ལ་ཁོང་གསུམ་ལ་ལོ་གཉིས་དང་ཟླ་བ་དྲུག་རེའྀ་ཁྲིམས་ཐག་བཅད་ནས་ད་སྐབས་རྒྱ་ནག་ཁྲིན་ཏུའུ་རུ་བཙོན་ཁང་དུ་བཅུག་ཡོད་འདུག ཁོང་གསུམ་དབྱར་སྟེང་དགོན་གྱི་བཙུན་མ་ཡིན་པ་རེད།
དཀར་མཛེས་འབུམ་ཤུལ་གྲོང་ནས་ཡིན་པ་ཕ་ངག་དབང་ཀུན་དགའ་དང༌། མ་དཔལ་ལྡན་ཆོས་མཚོ་གཉིས་ཀྱི་བུ་རང་ལོ་༣༢ ཅན་ངག་དབང་ཕུན་ཚོགས་ཀྱིས་༢༠༠༨ ཟླ་༦ ཚེས་༡༨ ཉིན་རྫོང་ཐོག་ཏུ་ཞི་རྒོལ་བྱས་རྐྱེན་འཛིན་བཟུང་བྱས་ནས་ཟླ་༡ ཚེས་༢༠ ཡས་མས་ཞིག་ལ་ཁོང་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་ནས་ད་སྐབས་རྒྱ་ནག་༼འོ་མིན་ས་མིའ་ས་༽ཟེར་ས་ཁྲིན་ཏུ་ནས་ཀི་ལོ་མི་ཊར་༧༠ ཙམ་གྱི་སར་བཙོན་ཁང་ཞིག་ཏུ་ཁྲིད་ཡོད་འདུག
དཀར་མཛེས་གསེར་ཆུ་ཤང་གསེར་ཆུ་སྟེང་གྲོང་སྡེ་བཞི་པ་ནས་ཡིན་པ་ཕ་ཚེ་འདས་ཐ་ཚེ་རིང་དང༌། མ་ཚེ་འདས་བསྟན་ཆོས་སྐྱིད་གཉིས་ཀྱི་བོུ་རང་ལོ་༢༨ ཅན་བྲག་དཀར་བཙུན་དགོན་གྱི་བཙུན་མ་གཡང་སྐྱིད་ནས་ཕྱི་ཟླ་༥ ཚེས་༡༢ ཉིན་དགོན་དེའི་བཙུན་མ་ཁག་གཅིག་དང་མཉམ་དུ་རྫོང་ཐོག་ཏུ་ཞི་རྒོལ་བྱས་རྐྱེན་འཛིན་བཟུང་བྱས་ནས་ཟླ་༡ ཚེས་༢ ཉིན་ལོ་གཅིག་དང་ཟླ་བ་དགུའི་ཁྲིམས་ཐག་བཅད་འདུག།
