བུད་མེད་ཅིག་གི་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ།

dolkar_tsoད་ལྟ་རང་ཨ་མདོ་ཀན་ལྷོ་གཙོས་དགོན་པའི་མཆོད་རྟེན་མཐའ་རུ་བོད་རིགས་བུད་མེད་ཅིག་གིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། སྐུ་གྲོངས་ཡོད་པའི་གནས་ཚུལ་འདུག

dolkar_tso

དྷ་སར་གནས་སྡོད་ལྷ་ཆབ་སྦྱིན་པས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། ཟླ་འདིའི་ཚེས་༧ ཉིན་བོད་ནང་གི་ཆུ་ཚོད་ ༢།༣༠ ཙམ་ལ་ཨ་མདོ་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་གྱི་ཉེ་འདབས་སུ་ཡོད་པའི་གཙོས་དགོན་པའི་ཉེ་འདབས་སུ་བུད་མེད་ཅིག་གིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དང་། སྐུ་གྲོངས་ཡོད་འདུག་ལ། ཕུང་པོ་གྲྭ་པ་ཚོས་བདག་པོ་བརྒྱབ་ཡོད་འདུག

dolkar_tso1བརྒྱུད་ལམ་དུ་གནས་ཚུལ་སླེབས་པ་ལྟར་ན། བུད་མེད་དེ་རང་ལོ་ ༢༦ ཡས་མས་ཤིག་ཡིན་པ་དང་། མིང་ལ་སྒྲོལ་དཀར་མཚོ་ཟེར། ཨ་མའི་མིང་ལ་སངས་རྒྱས་འཚོ་ཟེར་གྱི་འདུག བོད་མདོ་སྨད་ཀན་ལྷོ་ཁུལ་གཙོས་རྟ་སར་སྡེ་བ་ནས་ཡིན་འདུག །