དག་སྣང་།གཟིགས་སྣང་།ལུང་བསྟན་ཟེར་བ་དེ་ཚོ་ང་ལ་ཡིད་ཆེས་མེད།
ཕྱོགས་གཅིག་ནས་ཁྱེད་རང་ཚོ་འདིར་གཅིག་ཆོས་ལུགས་ཀྱི་ཕྱོགས་ཞེན་དེ་ཏོག་ཙམ་ཡོང་གི་མིན་འགྲོ་བསམ་པ་གཅིག དེ་ང་ལ་གྲྭ་པའི་ནང་ནས་ཟེར་མཁན་སུ་གཅིག་མི་འདུག་མི་སྐྱའི་ནང་ནས་དེ་འདྲ་ཟེར་མཁན་ཁ་ཤས་ཡོང་གི་འདུག་ག་སྔ་མོ་ལ་དྭགས་ནང་ལ་ཆོས་ལུགས་ཀྱི་ཕྱོགས་ཞེན་དེ་ཞི་དྲག་མེད། བར་སྐབས་ཆོས་ལུགས་ཀྱི་འཐེན་འཁྱེར་དེ་ཤུགས་ཆེ་རུ་འགྲོ་གི་འདུག་ཟེར་ནས་བཤད་ཀྱི་འདུག་
དེའི་ཐོག་ལ་ཡིན་ན་ཡང་ཁྱེད་རང་ཚོ་ལོ་རེ་ལོ་རེ་ཆ་རྐྱེན་བྱ་ནས་རུབ་རུབ་བྱེད་ནས་ཨེ་ནི་འཚོགས་ཡ་ཞིག་དང་། ཆོས་ཀྱི་བགྲོ་གླེང་བྱེད་ནས་རྟགས་གསལ་གཏོང་ཡ་དང་། ཆོས་ཀྱི་བགྲོ་གླེང་བྱ་ཡ་གཅིག་གིས་གཅིག་ལ་ངོ་ཤེས་འདྲ་བོ་ཆགས་ནས་བྱུང་བ་ཡིན་ན་། ང་དགེ་ལུགས། ང་བཀའ་བརྒྱུད། ང་རྙིང་མ་། བཀའ་བརྒྱུད་ནང་ལ་ཆ་བཞག་ནའང། ང་འབྲུག་པ་བཀའ་བརྒྱུད། ང་ཀཾ་ཚང་བཀའ་བརྒྱུད། ང་སྟག་ལུང་བཀའ་བརྒྱུད། སྟག་ལུང་བཀའ་བརྒྱུད་དྭ་འདི་ལ་ཨི་ཡོད་ན། འབྲི་གུང་བཀའ་བརྒྱུད་མ་གཏོགས་སྟག་ལུང་བཀའ་བརྒྱུད་འདི་ལ་ཡོད་མ་རེད་བ། ད་གཞུག་གུ་སྟག་ལུང་བཀའ་བརྒྱུད་གཅིག་ངས་ཁྲིད་ཡོང་དགོས་མིན་འགྲོ། ཨ་ནི་འབའ་རོམ་བཀའ་བརྒྱུད་གཅིག་ཡང་ཡོད་མ་རེད་ཝེ་་་མ་རེད་དྭ་་་ཆོས་ལུགས་དར་ཡོད་ཚད་ཚང་མ་འདི་བཙུགས་དགོས་བསམ་རེད། ཁྱེད་རང་ཚོ་རྒྱག་རེས་མང་ཙམ་བརྒྱབ་ན་ཡག་པོ་འདུག་དཔུང་སྒྲིག་བྱས་་་་ང་ཚོ་འབྲུག་པ་བཀའ་བརྒྱུད་ཡིན་ཟེར་་་ད་ལྟ་མར་ཙམ་དེར་་་ཕྲད་དར་འདྲ་ཞིག་སྦྱར་བཞག་འདུག་ག་གང་ཟེར་ཡང་འབྲུག་པ་ཨི་སོ་སེ་ཤན།<དབྱིན་སྐད་གསལ་པོ་མི་འདུག་≥ངས་འབྲུག་པ་ཟེར་དུས་འབྲུག་རྒྱལ་ཁབ་ཀྱི་འབྲུག་པ་ཡིན་ན་བསམ་བྱུང་། དེ་འདྲ་ཆོ་ཁྱོན་ནས་མི་འདུག་ཨ་་་ཆོ་ཁྱོན་ནས་མི་འདུག་ཨ། དེ་ངས་ཡག་པོ་རང་མཐོང་མ་སོང་ཨ། ཨི་ནི་དར་ཆ་འདྲ་ཁུར་ཡོང་གི་འདུག་བ།
སྔོན་མ་ཀརྨ་པ་རིན་པོ་ཆེ་ཞིང་གཤེགས་དེས་དར་ཆ་ཞིག་བཟོས་བ་རེད།ཆུ་གི་རླབས་འདི་འདྲ་བྱས་འདི་ཡོད་བསྡད་བ་གཅིག ། ངས་དགོས་པ་ཟེར་གང་མཐོང་མ་སོང་། ཀཾ་ཚང་བཀའ་བརྒྱུད་ཚོས་དར་ཆ་དེ་བཙུགས་ཁ་བྱེད་ཀྱི་འདུག་གྭ། ད་དེ་ཆོ་ཟེར་གང་འདུག་གེ། རིན་པོ་ཆེས་ཡ་གའི་འབྲི་གུང་རིན་པོ་ཆེས་བཟོས་གནང་བ་མིན་འགྲོ།ནང་པའི་དར་ཆ་དེ་གྱིས། དེའི་ཟུར་དེར་ཟླ་བ་དང་།ཉི་མ་གྱིས་ཨེ་ནི་ཧཱུཾ་དེ་གྱིས་ཡོད་བསྡད་པ་གཅིག་་་ཨི་ནི་ཁྱེད་རང་ཚོ། གང་ཟེར། འབྲུག་པ་བཀའ་བརྒྱུད་ལ་དར་ཆ་གང་འདྲ་ཞིག་ཡོད་རེད? <ལན་དུ་འབྲུག་གཅིག་རེད་ཞུས་སོང་>ཨི་ནི་ཏག་ཏག་རེད། འབྲུག་རྒྱ་མིའི་ལྷ་རེད། རྒྱ་མི་ས་ལ་ཕྱིན་ན་ཏག་ཏག་རེད། ཆོ་སེ་གང་ཡོད་རེད།བྱབ་ཆུང་།དུད་འགྲོ་གཅིག་ལ་གང་བྱེད་ནས་སྐྱབས་སུ་མཆི་གི་ཡོད་རེད།ཆོ་གང་ཡོད་རེད།བྱབ་ཆུང་།དེ་ལས་དྭ། ཧཱུཾ་དེ་དྲག་གྭ། རེད་བ་ཡ། རེད་བ་ཡ། ད་ཆོ་སེ་གང་ཡོད་རེད།<མཚམས་འདིར་གཞན་ཞིག་གིས་ཧཱུཾ་དེ་གཟིགས་སྣང་རེད་ཟེར་ཞུས་སོང་>དྭ་གཟིགས་སྣང་ཟེར་བ་དེ་བཤད་མི་དགོས། གཡུག་བཞག་ན་ཡག་གྭ་དྭ་ང་རང་ཚོས་དངོས་ཡོད་conditionབེད་སྤྱོད་བྱེད་ན་མ་གཏོགས་ཨོ་གཅིག་གཅིག་གིས་དག་སྣང་རེད།གཅིག་གཅིག་གིས་གཟིགས་སྣང་རེད།གཅིག་གཅིག་གིས་ལུང་བསྟན་རེད་ཟེར་བ་དེ་ཚོ་དྭ་ང་ལ་ཡིད་ཆེས་མེད་དྭ།ཆས་སོང་བ།བཞག་ཤོག་དེ་ཚོ།ད་གང་ལྟར་དངོས་ཡོད་གནས་ཚུལ་ངས་ཡག་པོ་ཟེར་གང་མཐོང་མ་སོང་། ད་དགེ་ལུགས་པ་ལ་དར་ཆ་ཡོད་ཝེ།ད་དགེ་ལུགས་པ་ལ་དར་ཆ་བཟོ་དགོས་རེད།ག་རེ་བཟོ་གྭ།དགེ་ལུགས་པའི་དར་ཆ་ལ་གཡག་གི་མགོ་ཞིག་བཟོ་འོ་ན།ཨི་ནི་ཚང་མ་ལོ་ལ་རྡུང་མཁན་ཞིག་བཟོ་ཤོག་ཧཧཧཧཧཧ་་དེ་ཚོ་གྲས་ཆོ་ཁྱོན་ནས་མི་འདུག་བ་མི་དགོས་བ་རེད་ཤག་དེ་ཚོའི་གྲས།ང་ཡིན་ན་འོ་དྭ་བཀའ་བརྒྱུད་པའི་དར་ཆ་ཡང་མི་དགོས།དགེ་ལུགས་པའི་དར་ཆ་ཡང་མི་དགོས།རྙིང་མའི་དར་ཆ་ཡང་མི་དགོས།སྔ་མོ་བར་སྐབས་དེ་བ་ཡོ་རོབ་ནང་ལ་བཀའ་བརྒྱུད་པའི་ཆོས་ཚོགས་དེ་འདྲ་ཡོད་རེད།ཀཾ་ཚང་བཀའ་བརྒྱུད་བ་ཡིན་ཟེར་ནས་འབྲི་གུང་བཀའ་བརྒྱུད་གཏོང་གི་ཡོད་མ་རེད།དེ་རྒྱུད་པ་གཙང་མ་ཡིན་ན།གཅིག་དགོས་རེད་ཟེར།དེ་འདྲའི་ཆོས་ལུགས་འཐེན་འཁྱེར་མ་བྱེད་ཟེར་ནས་ངས་ལབ་དུས།ཨི་ནི་དེ་བོད་པས་བླ་མས་བསླབ་སོང་ཟེར་གྱི་འདུག་ག་་ཧཧཧཧ་་ད་བྱས་ཙང་ཁྱེད་རང་ཚོ་ལ་དྭགས་ལ་ཡང་བོད་པའི་བླ་མས་བསླབ་བྱས།ད་དར་ཆ་བཙུགས་དགོས་རེད།ཡར་ཡར་གྱི་ཆོས་ལུགས་མས་མས་ཀྱི་ཆོས་ལུགས།འབྲུག་པ་བཀའ་བརྒྱུད་ཡིན་ཟེར་ཉན་དེར་འབྲུག་པ་བཀའ་བརྒྱུད་ཀྱི་ཁྱས་ཆོས་གང་རེད་ཟེར་ན་ཚིག་གཅིག་བཤད་ཡ་ཡོད་མ་རེད།ཆོ་གང་ཡོད་རེད།འབྲི་གུང་བཀའ་བརྒྱུད་ཀྱི་འབྲི་གུང་དགོངས་གཅིག་ཟེར་མ་རེད་ཝེ།སྐྱོབས་པ་འཇིག་རྟེན་མགོན་གྱི་པོ་ཏི་ལྔ་ཡིན་ན་དྲུག་ཡིན་ན་གཅིག་འདུག་ག་པོ་ཏི་བརྒྱད་རེད་ཝེ་པོ་ཏི་དགའ་རབ་ངས་མཇལ་བ་ཡིན།་ཨོ་བསམ་གྱི་མི་ཁྱབ་པ་རེད།དངོས་གནང་དྲང་གནས་རྣལ་འབྱོར་བ་བསམ་གྱི་མི་ཁྱབ་པ་རེད།རེད་དེ་དེ་གཅིག་པུ།དོ་སེ།བལྟས་བསྡད་ན་ང་ཚོ་འབྲི་གུང་བཀའ་བརྒྱུད་ཡིན་ཟེར་ཆོ་ག་ཕྱག་ལེན་དང་ཕྱག་ཆེན་སྐོར་རྐྱང་རྐྱང་བསམ་བློ་བཏང་བསྡད་ན་ཁྱབ་ཆུང་དྲག་པ་རེད།
ཁྱེད་རང་ཚོ་འབྲུག་པ་བཀའ་བརྒྱུད་ལ་ཆ་མཚོན་ནའང་འབྲུག་པ་པདྨ་དཀར་པོའི་པོ་ཏི་ཉེ་ཤུ་རྩ་གྲངས་ཤིག་འདུག་ག་ངས་ཕལ་ཆེར་མཇལ་བ་ཡིན།ཡག་པོ་ཞི་དྲག་རེད།ཡིན་ནའང་གཅིག་ཐག་ཆོད་པོ་ཞི་དྲག་ཡོད་པའི་བཟོ་མི་འདུག་དེ་འདྲ་ཡིན་དུས་ཁྱེད་རང་ཚོ་འབྲུག་པ་བཀའ་བརྒྱུད་རྐྱང་རྐྱང་འདྲ་བྱས་ནས་བསྡད་བསྡད་པ་ཡིན་ན།བསྟན་པ་ཡོངས་རྫོགས་ལ་གོ་བ་ཆགས་པ་དང་།གཞུང་གི་མཐའ་རྒྱ་ཆོད་པ་ཞིག་ཡོང་གི་མ་རེད།
དེ་འདྲ་ཡིན་དུས་ཡིན་གཅིག་མིན་གཅིག་དཔེ་ཆ་མང་ཙམ་ལྟ།ཁྱེད་རང་ཚོ་ག་རེ་ཟེར་དགོས་རེད།སོ་སོ་སོ་སོས་ཤག་གི་སྦུགས་ལ་བསྡད་དགོན་པ་སོ་སོའི་འཚོགས་འཚོགས་པའི་ཁ་གཏུགས་དེར་འདོན་པ་དེ་འབྲུག་པ་བཀའ་བརྒྱུད་ཡིན་ན་འབྲུག་པ་བཀའ་བརྒྱུད་ཀྱི་ཞལ་འདོན་གནང་།འབྲི་གུང་བཀའ་བརྒྱུད་ཡིན་ན་འབྲི་གུང་བཀའ་བརྒྱུད་ཀྱི་བླ་སྒྲུབ་འདྲ་ག་རེ་ཡོད་ན་གསུངས་དེ་བྱས་ན་འགྲིག་པ་རེད།སྤྱི་ཡོངས་ཀྱི་ཐོག་ནས་འོ་ད་རྦད་དེ་ག་རེ་ཟེར་དགོས་རེད། ཕ་གིའི་སོ་སོའི་ཆོ་བརྒྱུད་དེ་གཅིག་པོ་མ་གཏོགས་གཞན་དག་ལ་སྣ་ཁུང་མ་སྤྲད་བྱས་གྱིས། དོ་སེ།བསྡད་བ་ཡིན་ན་གྱོང་རེད་མ་གཏོགས་བསྟན་པ་སྤྱི་ལ་ཕན་ཡ་ཁྱོན་ནས་ཡོད་མ་རེད།
ག་ལེར་ག་ལེར་ཆོས་ལུགས་ཀྱི་འཐེན་འཁྱེར་དེ་སྡུག་ཏུ་སྡུག་ཏུ་སོང་ན་ཡག་པོ་ཁྱོན་ནས་མཐོང་མ་སོང་།
ཡང་་་ཡ་གའི་བཀའ་ཆོས་བཤད་ས་དེའི་གང་དེར།སྐྱོབས་པ་འཇིག་རྟེན་མགོན་པོས་སྐུ་ཐང་གཅིག་འདུག་དེའི་ཚུར་ཙམ་དེར་ཕལ་ཅེར་འབྲི་གུང་བཀའ་བརྒྱུད་ཀྱི་བླ་སྒྲུབ་ཚོགས་ཞིང་ཡིན་ས་རེད་གཅིག་འདུག
ཡག་པོ་ཞི་དྲག་རེད།ལབ་ཡིན།་་ངས་ཁ་གཏུགས་ལབ་པ་ཡིན།གྲྭ་པ་དེ་ལ་ལབ་ཡིན།ངས་གྲྭ་པ་དེ་ངོ་ཤེས་ཀྱི་ཡོད།འདི་སུས་གྲ་སྒྲིག་བྱས་པ་ཡིན་བྱས།ཁོས་གྲ་སྒྲིག་བྱས་པ་ཡིན་ཟེར།ངས་འདིར་སངས་རྒྱས་པའི་ཆོས་བཤད་ཀྱི་ཡོད་རེད།ཐུབ་དབང་གི་སྐུ་ཞིག་མེད་པ་དེ་ཁྱད་མཚར་ཞི་དྲག་རེད་དྭ་བྱས་ཡིན།
དེ་ང་སྣང་བ་ཕྱིན་མ་སོང་།ཨི་ནི་ཁྱེད་རང་ཚོ་འབྲི་གུང་བཀའ་བརྒྱུད་པ་ཡིན་ན།འབྲི་གུང་གི་བླ་མ་རྐྱང་རྐྱང་མ་གཏོགས་གང་གང་མེད་ཉན་བཟོ་འདྲ་བོ་བྱས།སངས་རྒྱས་བཅོམ་ལྡན་འདས་རྒྱུས་མེད་བ།མགོན་པོ་ཀླུ་སྒྲུབ་རྒྱུས་མེད་བ།དེ་འདྲ་བྱས་བ་ཡིན་ན།དྭ་དངོས་གནས་དྲང་གནས།བོད་ཀྱི་སངས་རྒྱས་ཀྱི་ཆོས་དེ་བོད་པའི་བླ་མས་བཟོས་བ་རེད།བླ་མའི་ཆོས་རེད་ཟེར་ནས་ལབ་ཡ་ཁོ།ཏག་ཏག་ཆགས་པ་རེད།སོ་སོས་ཁུངས་སྐྱེལ་བའི་བཟོ་འདྲ་བོ་ཆགས་པ་རེད་བ།ང་ཚོ་དཔལ་ན་ལནྜའི་རྒྱུད་པ་རེད་བ།ངས་དཔལ་ན་ལནྜ་ད་ཡི་རྒྱུད་པ་ཡིན་ཟེར་དགོས་ཡ་།དགེ་ལུགས་ཡིན།རྙིང་མ་ཡིན།བཀའ་བརྒྱུད་ཡིན།ས་སྐྱ་ཡིན་ཟེར་བསྡད་ཡ་དེས་འོ་ད་ང་རྦད་དེ་གྲོད་ཁོག་བརྒྱགས་སོང་།
ཉེ་ཆར་༧གོང་ས་མཆོག་གིས་ལ་དྭགས་ལ་གནང་བའི་བཀའ་སློབ་དུམ་བུ་གཅིག
