བལ་ཡུལ་ནང་སླར་ཡང་ཕག་ནད་སླེབས་ཡོད་འདུག

ཕག་ནད་H1N1 ཞེས་པ་ད་ལོ་སླར་ཡང་བལ་ཡུལ་གྱི་རྫོང་ཁག་ཅིག་གི་ནང་སླེབས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༣ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཅིག་གི་ནང་གནས་ཚུལ་ཐོན་གསལ་ལྟར་ན། བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཊུ་དང་། གཞན་རྫོང་ཁག་གསུམ་གྱི་ནང་ཕག་ནད་ H1N1 ཞེས་པ་དེ་ཁྱབ་ཡོད་པའི་སྐོར། བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཊུར་ཡོད་པའི་སྨན་པ་ཚོས་གསལ་བསྒྲགས་བྱས་ཡོད་པ་རེད།

བལ་ཡུལ་གྱི་སྨན་པ་ཚོས་ཡུལ་དེའི་རྫོང་ཁག་ཅིག་གི་མིའི་ཁྲག་བརྟག་དཔྱད་བྱས་པའི་བརྒྱུད་ནས་ནད་ཚ་དེ་ཡོད་པ་ཤེས་རྟོགས་བྱུང་བ་རེད་འདུག་ལ། དེ་བཞིན་བལ་ཡུལ་རྒྱལ་ཡོངས་སྤྱི་མང་འཕྲོད་བསྟེན་བརྟག་དཔྱད་ཁང་གི་སྨན་པ་གྷེ་ཏ་ཤཀྱས་ནད་ཚ་དེ་དུས་ཐོག་ལ་སྨན་བཅོས་ཐུབ་ཚེ་ཉེན་ཁ་མེད་སྐོར་ཡང་བརྗོད་ཡོད་འདུག

ད་དུང་ཁོང་གིས་ནད་ཚ་དེ་བསྐྱར་དུ་འབྱུང་རྐྱེན་དེ་ཉེ་ཆར་རྫོང་ཁག་དེ་ཚོའི་ནང་ཚ་བ་འཕར་བའི་ནད་འབུ་ཞིག་བྱུང་པ་དེའི་བརྒྱུད་ནས་སླེབས་ཡོད་ཚུལ་བརྗོད་ཡོད་པ་རེད། དེ་ཡང་ནད་ཚ་དེས་གནོད་སྐྱོན་ཐེབས་ས་ཤུགས་ཆེ་ཤོས་དེ་ཕྲུ་གུ་དང་ན་གཞོན་ཚོ་ཡིན་པ་རེད་འདུག་ལ། ཕྱི་ལོ་༢༠༠༩ ལོར་བལ་ཡུལ་ནང་ནད་ཚ་དེའི་རྐྱེན་གྱིས་མི་༤༠ ཙམ་གྲོངས་པ་དང་། རྩ་བས་ཕག་ནད་དེར་ནད་འབུ་འདྲ་མིན་ཞིག་ཡོད་པ་དང་། ཐོག་མར་ནད་འབུ་དེ་ཕག་པ་ལས་བྱུང་གི་ཡོད་པས་ཕག་ནད་ཅེས་བརྗོད་ཀྱི་ཡོད་པ་རེད་འདུག