བོད་དོན་ཆེད་རྐང་འཁོར་འགྲུལ་བསྐྱོད།

ཆབ་སྲིད་ཀྱི་དགོས་མཁོར་བོད་ཀྱི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཀྱི་ཁྲིམས་ཡིག་ལ་ངོ་རྒོལ་བཅས་དགོས་འདུན་དོན་ཚོན་བཞིའི་ཐོག་ལེ་བར་ལྔ་སྟོང་ལྷག་གི་སར་ཟླ་གཅིག་ལྷག་གི་རིང་རྒྱང་བསྐྱོད་བྱས་ནས་ཟླ་འདིའི་ཚེས་25་སྟེ་བོད་ས་གླིང་ལོའི་ལོ་གསར་ཚེ་གཅིག་ཉིན་བྷེང་ལོར་དུ་འབྱོར་ནས་དེ་ལ་ཉིན་གཅིག་རང་ཟས་བཅད་ངོ་རྒོལ་བྱས། ཚེས་28་ཉིན་བྷེལ་ཀོབ་དུ་འབྱོར་བ་དང༌། བྷེལ་ཀོབ་ས་གནས་གཞོན་ནུ་དང་བུད་མེད། དབུས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་བཅས་ཀྱི་རྒྱུན་ལས་རྣམ་པས་སྣེ་ལེན་བྱས་ཤིང་ཁོ་ཚོར་བསྟོད་བསྔགས་དང་དགའ་བསུ་ཞུས་སོང༌། ས་གནས་ཚོགས་པ་གསུམ་གྱི་ཚགས་གཙོ་རྣམས་པས་བོད་ནང་དུ་ཨ་མདོ་ལྔ་བ་རུ་ཡར་ལངས་བྱུང་བ་དང་དེ་བཞིན་བོད་ས་གནས་གང་སར་ཡར་ལངས་བྱུང་བཞིན་པའི་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་སོགས་ཀྱི་གཏམ་བཤད་སྤེལ་ཡོད་པ་རེད། གཞན་ཡང་ཕྱི་གྲོ་དེར་ཚོགས་པ་གསུམ་གྱིས་རྔ་བ་ཁུལ་གྱི་དགེ་འདུན་པ་ཞིག་གིས་སྐུ་ལུས་མེར་བསྲེག་བཏང་བ་སོགས་བོད་དོན་ཆེད་ལུས་སྲོག་བཏང་བའི་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་ཆེད་དུ་སེར་བྱེས་ཆོས་རའི་སྐབས་དང་བསྟུན་སྔོ་སྨོན་སྐྱབས་འཇུག་བྱེད་ཀྱི་ཡིན་པ་རེད། མེ་སོར་གསར་འགོད་པས།