འཆི་རན་མ་བསླེབས་པའི་བུ་མོ།
ཁེར་མགོ་མི་ཆིངས་པའི་ན་ཆུང་བུ་མོ།།
མཛའ་བོའི་ལག་འོག་ནས་བཙན་གྱིས་འཕྲོགས་ནས།།
སྙིང་རྗེ་མེད་པ་ཡིས་དྲག་སྤྱོད་གཅིག་གིས།།
འཇིག་རྟེན་ཕྱི་མ་ལ་འདི་ལྟར་བརྫངས་སོང་།།
འཆི་རན་མ་བསླེབས་པའི་སློབ་ཕྲུག་བུ་མོ།།
གཉེན་སྒྲིག་མ་བྱས་པའི་ལང་ཚོ་གསར་པ།།
རྨི་ལམ་མ་ཡིན་པའི་དམྱལ་བ་མངོན་སུམ།།
ཁྱོད་ཀྱི་ལུས་ཐོག་ལ་བསླེབས་པ་སྔ་སོང་།།
ཀ་ལི་ཀ་ཏ་ནས།ཚེས་གཅིག་ཉིན་ཚིག་ཇ་འཐུང་ས་ཞིག་ནས་མགྱོགས་བྲིས་བྱས།དུས་ཁོམ་མ་བྱུང་བས་རྗེས་ནས་རྩོམ་འདི་མཇུག་སྐྱོངས་རྒྱུ་ཡིན།
