བོད་ལུགས་ཀྱི་སྒྲིག་ཆས་གྱོན་འདུག་པ་ནི་དགའ་འོས་པ་ཞིག་རེད།

3_2_13hunsurཟླ་འདིའི་ཚེས་ ༡༣ ཉིན་སྟེ་བོད་རབ་གནས་ཆུ་སྦྲུལ་ལོའི་ལོ་སར་ཚེས་ ༣ ཉིན་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་སུ་ལོ་གསར་བའི་ལྷག་དཀར་ཐོག་མ་སྲུང་བརྩི་སྐབས། ཧོན་སུར་འོད་སྣང་སློབ་གྲྭའི་སློབ་མ་རྣམས་ཀྱིས་དམིགས་བསལ་བོད་གོས་སྒྲིག་ཆས་གོན་ནས་བསང་གསོལ་བྱས་པ་དང་། དེ་ནས་བཟུང་ལྷག་དཀར་ནམ་ཡིན་ལ་ཕྱུ་པ་དང་བོད་བཟོས་སྟོད་ཐུང་གོན་རྒྱུ་ཡིན་པ་རེད་འདུག

3_2_13hunsur

དེ་ཡང་མདང་ནུབ་ཧོན་སུར་རབ་རྒྱས་གླིང་གི་འབྲེལ་ཡོད་མི་སྣ་ཞིག་གིས་བོད་ཚེས་༣ ཉིན་ཧོན་སུར་ས་གནས་ཀྱི་ལྷག་དཀར་ལ་གསར་འགོད་དུ་ཡོང་དགོས་པའི་ཁ་པར་འབྱོར་བས། དེ་རང་ཞོགས་པའི་ཆུ་ཚོད་ ༦ ཕྱེད་ཐོག་ས་གནས་ནས་ཐོན་འགོ་བརྩམས་པ་ཡིན། ཆུ་ཚོད་ ༨ པའི་ཐོག་ཏག་ཏག་ཧོན་སུར་རྒྱབ་རྒྱས་གླིང་འོད་སྣང་སློབ་གྲྭའི་སྒོ་འགྲམ་དུ་འབྱོར་སོང་། ས་གནས་ཀྱི་ནམ་མཁའ་གཡའ་དག་ཅིང་། རླུང་འཚུབ་དང་ཐལ་རྡུལ་མེད་པས་འཁོར་ཡུག་གཙང་ཞིང་ལྷིང་འཇགས་པོ་ཞིག་ལ་བསང་དུད་ཀྱི་དྲི་བསུང་ཐུལ་ལེ་འདུག་ལ། རྒྱུད་སྨད་གྲྭ་ཚང་གི་སྒོ་འགྲམ་དག་ན་ཞི་དུལ་བག་ཕེབས་ངང་བྱོན་བཞིན་པའི་དགེ་འདུན་པ་འགའ་རེ་ཡང་མཇལ་བྱུང་། མི་མང་གིས་ལྷག་དཀར་སྲུང་བརྩི་བྱེད་ས་ནི་དགོན་པའི་ལམ་ཆེན་གྱི་རྒྱལ་སྒོའི་གཡས་ཕྱོགས་ཡིན་པ་དང་། དེར་བོད་ལུགས་ལྟར་གྱི་སློབ་གྲྭའི་སྒྲིག་ཆས་དོར་མ་ཁ་དོག་སྔོན་པོ་དང་། བོད་བཟོས་སྟོད་ཐུང་དཀར་པོ་གྱོན་པའི་སློབ་ཕྲུག་བུ་དང་། ཕྱུ་པ་སྔོན་པོ་དང་ནང་ལྭ་དཀར་པོ་གྱོན་པའི་སློབ་ཕྲུག་བུ་མོ་མང་པོ་ཞིག་གིས་གདོང་པ་འཛུམ་གྱིས་ཁེངས་ནས་འཛོམས་འདུག་ལ། དེ་མིན་ཁམས་གཙང་ལ་གྲྭ་འགྲིག་པའི་བོད་ཆས་ཆ་ཚང་རེ་གྱོན་པའི་ཕ་མ་དང་། དགེ་རྒན། ལས་བྱེད། མི་མང་གང་མང་ཞིག་ཀྱང་འབྱོར་ནས་ཚང་མས་འར་འུར་ཟང་ཟིང་ངང་བསང་དུད་ལྷོག་ལྷོག་ཏུ་འཕྱར་བཞིན་བསང་གསོལ་བྱེད་པར་བྲེལ་ནས་འདུག

དེར་དགེ་རྒན་ཞིག་ལ་སློབ་ཕྲུག་ག་ཚོད་ཡོད་མེད་དྲིས་པར་ ༢༤༠ ཡོད་པ་རེད་ཟེར། ལྷག་དཀར་སྲུང་བརྩི་བྱེད་སའི་བསང་ཁྲིའི་ཁ་གཏད་དུ་གོམ་པ་བརྒྱ་ཙམ་གྱི་སར་གྲོ་སོ་ཕྱེ་མར་དང་། རྐུབ་སྟེགས་འགའ་བསྒྲིགས་འདུག་པ་དང་། ཆུ་ཚོད་༩ པའི་ཐོག་མི་མང་གིས་ལྷ་དཀར་བསང་གསོལ་ཚར་ནས་ལྷ་རྒྱལ་འཐེན་སོང་། དེ་ནས་ཕྱོགས་བཞུགས་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་དང་། ས་གནས་འགོ་འཛིན་ལས་ཁང་གི་སྐུ་ཚབ། དེ་མིན་འོད་སྣང་སློབ་གྲྭའི་སློབ་སྤྱིའི་སྐུ་ཚབ་དང་དགེ་རྒན། ཕ་མའི་འཐུས་མིའི་རྒྱུན་ལས་བཅས་བཞུགས་གྲལ་དུ་འཁོད་པ་དང་། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་གྱིས་མི་མང་དང་སློབ་ཕྲུག་ཚོར་ལོ་གསར་འཚམ་འདྲི་དང་འབྲེལ་གསུང་དོན། དེ་རིང་བོད་ལུགས་ལྟར་གྱི་ལོ་གསར་པའི་ནང་གི་ལྷག་དཀར་ཐོག་མ་དེ་ཡིན་པ་དང་། དམིགས་བསལ་སློབ་ཕྲུག་ཚོས་བོད་ལུགས་ཀྱི་སྒྲིག་ཆས་གྱོན་ནས་འདུག་པ་ནི་དགའ་སྤྲོ་འོས་པ་ཞིག་རེད། སྒྲིག་ཆས་དེའི་སྦྱིན་བདག་ནི་ས་གནས་ཀྱི་ཟླ་བ་སྒྲོན་མ་རེད། ཁོང་གིས་ནམ་རྒྱུན་སློབ་མ་ཚོར་ཕན་ཐོགས་ཡོད་པའི་རོགས་རམ་གནང་གི་ཡོད་རེད། དེ་ལྟ་བུའི་མིག་དཔེ་འོས་པའི་མི་སྣ་ཚོར་ང་ཚོས་རྒྱབ་སྐྱོར་བྱེད་དགོས་རེད་ལ། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

གཞན་ཡང་ས་གནས་འགོ་འཛིན་གྱི་སྐུ་ཚབ་དང་། སློབ་སྤྱིའི་སྐུ་ཚབ། ཕ་མའི་འཐུས་མིའི་ཚོགས་གཙོ་ཚོགས་གཞོན་བཅས་ཀྱིས་ཀྱང་ལྷག་དཀར་སྲུང་བརྩི་གལ་ཆེན་ཡིན་སྐོར་དང་། ཟླ་བ་སྒྲོལ་མས་སློབ་ཕྲུག་ཚོར་སྒྲིག་ཆས་དང་མཐུན་རྐྱེན་གཞན་གྱི་རོགས་རམ་བྱེད་བཞིན་པར་བསྔགས་བརྗོད་བྱས་སོང་།

འབྲེལ་ཡོད་མི་སྣས་འགྲེལ་བརྗོད་བྱས་པ་ལྟར་ན། དེ་རིང་གི་བྱེད་སྒོ་གཙོ་བོ་ནི་ད་ནས་བཟུང་ལྷག་དཀར་ནམ་ཡིན་ལ་སློབ་ཕྲུག་རྣམས་ཀྱིས་བོད་ལུགས་ཀྱི་གོན་པ་གྱོན་རྒྱུ་དང་།  ལས་འགུལ་དེ་གཙོ་བོ་ས་གནས་ཀྱི་ཕ་མའི་འཐུས་མིའི་རེ་སྐུལ་ལྟར་སློབ་གྲྭའི་སློབ་སྤྱི་སོགས་འབྲེལ་ཡོད་མི་སྣ་དང་གྲོས་བསྡུར་གྱིས་བཀའ་ཁྲོལ་ཐོབ་པ་ཞིག་ཡིན་སྐོར་བརྗོད་ཀྱི་འདུག

ལྷག་དཀར་སྲུང་བརྩིའི་མཛད་སྒོ་གྲུབ་པ་དང་། བལ་ཡུལ་དུ་རང་ལུས་མེར་བསྲེག་བཏང་ནས་འདས་གྲོང་ཕྱིན་པའི་བོད་མི་དེའི་ཆེད་དུ་ཆུ་ཚོད་གཅིག་ཙམ་གྱི་རིང་ལ་བསྔོ་སྨོན་གསོག་སྒྲུབ་ཞིག་ཀྱང་བྱས་སོང་།

མཇུག་མཐར་འབྲེལ་ཡོད་སློབ་ཕྲུག་དང་ཆོས་དགེ ཕ་མའི་འཐུས་མི་བཅས་མི་སྣ་ཁག་ཅིག་ལ་ལྷག་དཀར་དང་འབྲེལ་བའི་སྐོར་ལ་བཅར་འདྲི་ཐུང་ཐུང་རེ་ཡང་བྱས་པ་གཤམ་དུ་འགོད་རྒྱུ་ཡིན།

དྲི་བ། ཁྱེད་རང་ཚོ་སློབ་ཕྲུག་རེད། དེ་རིང་ལྷག་དཀར་བསྲུང་བརྩི་བྱས་པ་རེད། ལྷག་དཀར་ཟེར་ན་ག་རེ་རེད། ལྷག་དཀར་སྲུང་བརྩི་བྱེད་དགོས་དོན་གང་རེད།

3_2_13tenzinbhutiལན། ༡ བུ་མོ་བསྟན་འཛིན་བུ་ཁྲིད་ཀྱིས་“ལྷག་དཀར་དེ་གལ་ཆེན་པོར་གཟིགས་ནས་ང་ཚོ་ལ་ཨ་ཅག་ཟླ་བ་སྒྲོལ་མས་ལྷག་དཀར་སྲུང་བརྩི་སྐབས་གྱོན་རྒྱུའི་བོད་བཟོས་སྒྲིག་ཆས་གནང་སོང་། ང་ཚོ་དཔེ་མི་སྲིད་དགའ་པོ་བྱུང་། ལྷག་དཀར་ནི་༸གོང་ས་མཆོག་གི་བླ་གཟའ་རེད། དེའི་སྐབས་ང་ཚོས་བོད་ཀྱི་ཆས་གོས་གོན་རྒྱུ་གལ་ཆེན་པོ་མཐོང་སོང་། སྲུང་བརྩི་བྱས་པ་ནི་ཡག་པོ་ཡོད་རེད། དེ་བཞིན་སྦེལ་ཀོབ་དང་མོན་གྷོ་ས་གནས་ཀྱི་སློབ་ཕྲུག་ཚོས་ཀྱང་ལུགས་སྲོལ་གཅིག་པ་བྱས་ན་ཡག་པོ་ཡོད་ས་རེད་ཞུ་འདོད་བྱུང་”ཞེས་གསུངས་སོང་།

3_2_13kesang_choedon༢ བུ་མོ་སྐལ་བཟང་ཆོས་སྒྲོན་གྱིས། “གཟའ་ལྷག་པ་དེ་༸གོང་ས་མཆོག་གི་སྐུའི་བླ་གཟའ་རེད། དེ་ལ་ང་ཚོས་བོད་ཀྱི་དུག་ལོག་གོན་ནས་སྲུང་བརྩི་བྱེད་རྒྱུ་གལ་ཆེན་རེད། དེ་རིག་གཞུང་སྲུང་སྐྱོབ་རེད་”ཅེས་གསུངས་སོང་།

3_2_13tenzindawa༣ བསྟན་འཛིན་ཟླ་བས་“ང་ཚོས་ལྷག་དཀར་ལ་བོད་ཟོས་གྱོན་པ་གྱོན་ནས་ལྷག་དཀར་སྲུང་བརྩི་བྱེད་ཀྱི་ཡོད་རེད། དེ་བོད་པའི་ཆས་གོས་དང་རིག་གཞུང་སྲུང་སྐྱོབ་ཅིག་རེད། དེ་ཡག་པོ་འདུག མི་ཚང་མས་བོད་ཀྱི་རིག་གཞུང་མ་བརླག་པར་སེམས་ལ་དྲན་གྱི་རེད་”ཅེས་གསུངས་སོང་།

༤ བསྟན་འཛིན་ཕྱོགས་གླང་གིས་“ལྷག་དཀར་ནི་༸གོང་ས་མཆོག་གི་སྐུའི་བླ་གཟའ་རེད། བོད་ནང་ན་རྒྱ་མིས་བོད་ཀྱི་རིག་གཞུང་མེད་པ་བཟོ་གི་ཡོད་རེད། ང་ཚོས་ལྷག་དཀར་སྲུང་བརྩི་བྱས་ནས། བོད་ཀྱི་དུག་ལོག་གྱོན་ན་ཡག་པོ་རེད་”ཅེས་གསུངས་སོང་།

3_2_13tenzin_nyima༥ བུ་མོ་བསྟན་འཛིན་ཉི་མས་“ལྷག་དཀར་ནི་༧གོང་ས་མཆོག་གི་སྐུའི་བླ་གཟའ་རེད། གལ་ཆེ་ཤོས་དེ་རེད། ང་ཚོས་བསང་གསོལ་བྱས་ནས་གོང་ས་མཆོག་སྐུ་ཚེ་བརྟན་པ་དང་། བོད་ཀྱི་རིག་གཞུང་མ་བརྗེད་པ་བྱས་ན་ཡག་པོ་རེད་བསམ་གྱི་ཡོད་”ཅེས་གསུངས་སོང་།

3_2_13purbu_tsamchoe༦ བུ་མོ་ཕུར་བུ་མཚམས་གཅོད་ཀྱིས་“གལ་ཆེ་ཤོས་ལྷག་དཀར་དེ་༧གོང་ས་མཆོག་གི་བླ་གཟའ་ཡིན་པས་སྲུང་རྩི་བྱེད་རྒྱུ་ཡག་པོ་རེད། བོད་པའི་གོན་པ་གྱོན་རྒྱུ་དེ་ཚོ་བྱེད་ཀྱི་ཡོད་རེད་ཅེས་”གསུངས་སོང་།

དྲི་བ། ལྷག་དཀར་སྲུང་བརྩི་ག་འདྲ་བྱེད་ཀྱི་ཡོད། དེའི་གལ་ཆེན་པོ་ག་འདྲ་ཞིག་གཟིགས་ཀྱི་ཡོད།

3_2_13chogeལན། ༡ ཆོས་དགེ་པདྨ་འཆི་མེད་གྱིས་“ལྷག་དཀར་ཟེར་བ་དེ་༸གོང་ས་མཆོག་གི་བླ་གཟའ་རེད། ང་ཚོར་སྔོན་མ་ཡིན་ན་བོད་ཀྱི་ཆས་གོས་གྱོན་རྒྱུ་ཡོད་པ་མ་རེད། ཡིན་ནའང་། ལྷག་དཀར་ཉིན་མོ་ཞོགས་པ་ཞལ་འདོན་འདོན་གྱི་ཡོད་རེད། དེ་ནས་སློབ་ཕྲུག་ཚོར་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་གཏོང་གི་ཡོད་རེད། ཡག་པོ་ཡོད་རེད། དེ་རིང་ལོ་ནས་ང་ཚོས་སློབ་ཕྲུག་ཚོར་བོད་བཟོས་ཀྱི་སྒྲིག་ཆས་སྤྲད་ཡོད་རེད། དེ་དཔེ་མ་ཟད་པའི་ཡག་པོ་རེད། བོད་ནང་ལ་བོད་ཀྱི་རིག་གཞུང་ཐོག་ལ་དཀའ་ངལ་འཕྲད་ཀྱི་ཡོད་རེད། དེར་བརྟེན་ང་ཚོས་ལྷག་དཀར་སྲུང་བརྩི་བྱེད་དགོས་ངེས་རེད། ད་དུང་ང་ཚོས་ཉིན་མོ་འདིར་བོད་སྐད་གཙང་མ་བཤད་ཀྱི་ཡོད་རེད།”ཅེས་གསུངས་སོང་།

3_2_13jigme_namgyal༢ ཕ་མའི་འཐུས་མི་འཇིགས་མེད་རྣམས་རྒྱལ་གྱིས་“ང་ཚོས་ལྷག་དཀར་སྲུང་བརྩི་བྱེད་རྒྱུའི་དམིགས་ཡུལ་ནི། སྔོན་མ་ནས་སྲུང་བརྩི་བྱེད་ཀྱི་ཡོད་རེད། ནམ་རྒྱུན་ང་ཚོའི་བུ་ཕྲུག་ཚོར་བོད་ཀྱི་ཕྱུ་པ་སྒྲིག་ཆས་ཡོད་པ་མ་རེད། ང་ཚོ་ཕ་མའི་འཐུས་མིས་མཐར་ཟླ་བ་སྒྲོལ་མ་ལ་རེ་སྐུལ་བྱས་ནས་བོད་ཆས་སྒྲིག་ཆས་ཀྱི་སྦྱིན་བདག་བྱེད་རོགས་ལབ་རེད། དེ་རིང་ནས་གཟའ་ལྷག་པ་ནམ་ཡིན་ལ་བོད་ཆས་སྒྲིག་ཆས་གོན་གྱི་རེད། དེ་ནི་ང་ཚོ་འོད་སྣང་སློབ་གྲྭ་འདི་དང་པོ་ཡིན་བསམ་གྱི་ཡོད་”ཅེས་གསུངས་སོང་།

3_2_13dawadolma༣ སྒྲིག་ཆས་སྦྱིན་བདག་ཟླ་བ་སྒྲོལ་མས་“ལྷག་དཀར་སྲུང་བརྩི་བྱེད་རྒྱུ་དེ་གལ་ཆེན་པོ་འདུག གང་ཡིན་ཟེར་ན་ང་ཚོས་བོད་ཀྱི་རིག་གཞུང་རྒྱུད་འཛིན་བྱེད་པ་དང་། བོད་སྐད་དག་མ་བཤད་དགོས་རེད། བོད་ནང་དུ་དེའི་ཐོག་ལ་དཀའ་ངལ་འཕྲད་ཀྱི་ཡོད་རེད། ངས་བུ་ཕྲུག་ཚོར་སྦྱིན་བདག་བྱས་པ་དེ་ང་དཔལ་འབྱོར་ཆེན་པོ་ཡོད་པས་མ་རེད། ང་ཚོའི་ཕ་མའི་འཐུས་མིས་རེ་བ་བརྒྱབ་པ་བཞིན་ཡོང་གི་མ་རེད་ལབ་མ་ཐུབ་ནས་སྦྱིན་བདག་བྱས་པ་ཡིན། དེ་ཡང་གཙོ་བོ་ངའི་ཇོ་ཇོས་གནང་བ་རེད། ང་ཚོའི་གཏན་སློབ་ཁག་བོད་གཞུང་གིས་རྩིས་ལེན་གྱི་ཡོད་རེད། རྗེས་སུ་ངའི་རེ་བ་ལ་སློབ་གྲྭའི་སྒྲིག་ཆས་ཚང་མ་བོད་ཀྱི་ཆས་གོས་རང་བྱེད་རྒྱུ་བྱུང་ན་བསམ་གྱི་ཡོད་”ཅེས་དང་། “མཐར་མི་མང་ལ་ངས་བོད་ཀྱི་རིག་གཞུང་ཐོག་དོ་སྣང་སྤྲད་རྒྱུ་དང་། ལྷག་པར་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་ཀྱི་གཞོན་སྐྱེས་ཚོས་ང་རང་ཚོའི་རིག་གཞུང་ཆས་གོས་ལ་བདག་པོ་རྒྱག་རྒྱུ་གལ་ཆེན་རེད་ཅེས་གསུང་བྱུང་།།