དྲག་པོའི་ཁྲིམས་གཞི་བསྡམས་པར་དྲན་གསོ་དང་འབྲེལ་མཆོད་འབུལ།
རྒྱ་མི་གུང་ཁྲན་གྱིས་བོད་ལ་བཙན་འཛུལ་བྱས་ཏེ། མི་ཆོས་ལས་འདས་པའི་དྲག་གནོན་གྱི་ཁྲིམས་གཞི་བསྡམས་པ་དེ་ནས་བཟུང་ད་བར་བོད་རིགས་གྲངས་ལས་འདས་པ་དུས་མིན་རྐྱེན་འདས་དང་། ཉེས་མེད་བཙོན་འཇུག་མྱངས་དང་མྱོང་བཞིན་པ་རྣམས་ཀྱི་ཆེད་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག མཆོད་འབུལ་སྨོན་ལམ་ཞིག་ཚོགས་ཡོད་པ་རེད།
དེ་ཡང་ཉིན་དེའི་སྔ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྒྱུད་སྟོད་མཁན་པོ་དབུ་བཞུགས་ཐོག་དགེ་བཙུན་སྔགས་གསུམ་དང་། སྲིད་སྐྱོང་བློ་བཟང་སེང་གེ་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དྲུང་ཆེ་ཆུང་དང་སྲི་ཞུའི་ལས་བྱེད་རྣམ་པ། མི་མང་དང་སློབ་ཕྲུག་བཅས་བརྒྱ་ཕྲག་མང་པོ་ལྷན་འཛོམས་བྱུང་ཡོད་པ་རེད།།