རྒྱ་ནག་ཏུ་བྱ་ཆམ་གྱིས་མི་༤ རྐྱེན་ལམ་དུ་བཏང་བ།
![]()
ཉེ་ཆར་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེར་བྱའི་ཆམ་ནད་ཅིག་ཁྱབ་སྟེ། ད་ལྟའི་ཆར་མི་༤ རྐྱེན་ལམ་དུ་ཕྱིན་ཡོད་འདུག་པ་དང་དེ་བཞིན་མི་གྲངས་༡༦ ཙམ་ལ་ནད་ཡམས་དེ་འགོས་ཡོད་འདུག
དེ་ཡང་ཟླ་འདའི་ཕྱི་ཚེས་༦ ཉིན་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་༥ ཉིན་ཧྲང་ཧེ་གྲོང་ཁྱེར་སྲིད་གཞུང་གིས་གནས་ཚུལ་དེ་དང་འབྲེལ་བའི་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ཕྱི་ཚེས་༦ ཉིན་ནས་བཟུང་གནས་སྐབས་རིང་བྱ་གསོན་ཚོང་འབྲེལ་མཚམས་འཇོག་བྱ་རྒྱུ་ཡིན་པ་དང་། བྱའི་ཁྲོམ་ར་སྒོ་རྒྱག་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་འདུག ད་དུང་བྱ་ཆམ་གྱི་འགོས་ནད་ཁྱབ་གདལ་དུ་མི་འགྲོ་ཆེད། བྱ་གྲངས་ཉིས་ཁྲི་ཙམ་དམར་གསོད་བཏང་སྟེ་ཐེངས་འདིའི་ནད་ཡམས་སྔོན་འགོག་བྱེད་ཐབས་སྤེལ་བཞིན་ཡོད་པ་རེད།

