འཕྲོད་བསྟེན་བཀའ་བློན་གྱིས་འཚམས་གཟིགས།

བོད་གཞུང་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་རྒྱ་གར་ལྷོ་ཕྱོགས་མངའ་ཁུལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་ལ་ཕེབས་ཀྱི་ཡོད་པ་བཞིན། ཟླ་འདིའི་ཚེས་༡༦ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་ཀ་ཎ་ཌ་ཀའི་མངའ་ཁུལ་དུ་རྟེན་གཞི་བྱས་ཡོད་པའི་མོན་གྷོ་བོད་མིའི་གཞིས་སྒར་དུ་ཕེབས་ཡོད་པ་རེད།

tsein_2013_4_16དེ་ཡང་ཐོག་མར་མོན་གྷོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་དང་ས་འཐུས་ཚོགས་གཞོན་དགེ་བཤེས་རྣམས་རྒྱལ་རྒྱལ་མཚན་གཉིས་ཀྱིས་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀྱི་སྣེ་མོ་བ་ཡོངས་ཀྱིས་ཕེབས་བསུ་སྣེ་ལེན་ཞུས་ཡོད་པ་རེད། དེ་ནས་ཆུ་ཚོད་༡༠  ༣༠་ཕྱེད་ཙམ་ལ་ས་འཐུས་ལས་ཁང་དང་ས་གནས་འགོ་འཛིན་ལས་ཁང་།   དེ་བཞིན་རང་བདེན་ཚོགས་ཆུང་གི་ལས་ཁང་དང་མི་མང་མཉམ་འབྲེལ་ལས་ཁང་བཅས་དང་།   གཞན་ཡང་མོན་གྷོ་ས་གནས་མི་མང་མཉམ་འབྲེལ་འཛུགས་བསྐྲུན་རྟེན་གཞི་ཁག་ལ་འཚམས་གཟིགས་གནང་སོང་།

ཉིན་འདིའི་ཕྱི་དྲོ་མོན་གྷོ་ས་གནས་ཀྱི་གཞིས་གྲོང་དང་གདན་ས་གྲྭ་ཚང་ཁག་གི་འཕྲོ་སྟེན་སྨན་ཁང་ཁག་དང་སྨན་རྩིས་ཁང་བཅས་སུ་འཚམས་གཟིགས་གནང་ཡོད་པ་རེད།

ཕྱི་ཚེས་༡༧ ཉིན་གདན་ས་ཆེན་མོ་དགའ་འབྲས་གཉིས་ཀྱི་གཙོས་གདན་ས་གྲྭ་ཚང་ཁག་ལ་འཚམས་གཟིགས་དང་འབྲེལ་མཆོད་མཇལ་གནང་རྒྱུ་དང་། ཕྱི་ཚེས་༡༨ ཉིན་གྱི་སྔ་དྲོ་མོན་གྷོ་གཞི་སྤྱི་ཚོགས་ཁང་ཆེན་མོར་མི་མང་བསྡུ་བསྐོང་གི་བཀའ་ཤག་གི་ལྟ་གྲུབ་གསུམ་དང་འབྲེལ་བའི་ཐོག་ནས་དམིགས་བསལ་བཙན་བྱོལ་བོད་མིའི་སྨན་བཅས་ལྟ་སྐྱོང་གི་ལས་གཞི་དང་དེ་བཞིན་རང་གཞུང་འཕྲོད་སྟེན་ལས་ཁང་གི་འཆར་འགོད་ལས་རིམ་ཁག་བཅས་ཀྱི་ཐོག་མི་མང་ལ་གསལ་བཤད་དང་འབྲེལ་ལམ་སྟོན་གསུང་བཤད་གནང་འཆར་ཡོད་འདུག་ལ།

ཉིན་དེའི་ཕྱི་དྲོ་མོན་གྷོ་ས་གནས་འཕྲོད་བསྟེན་ཚོེགས་ཆུང་གི་ཚོགས་མི་དང་འཕྲོད་བསྟེན་ལས་བྱེད།   དེ་བཞིན་གྲྭ་ཚང་དང་གཞིས་གྲོང་ཁག་གི་སྤྱི་མི་ཕྱག་མཛོད་བཅས་ལྷན་འཛོམས་ཐོག་སྨན་བཅོས་ལྟ་སྐྱོང་གི་ལས་གཞིས་ཐོག་གོ་བསྡུར་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག

མོན་གྷོ་གསར་འགོད་པས།