དྲ་གྲོགས་སྟག་ཚང་རིག་རྒོད་དང་ངོ་དེབ་ནང་དུ་གླེང་མོལ་བྱས་པར།
ཁམས་བཟང། གྲོགས་བཟང་བདེ་མོ། སྟག་་་་་ཁྱོད་བདེ་མོ་ ལགས་ཡིན། འཇམ་་་་་་དེང་སྐབས་གང་དུ་་བཞུགས་སམས། སྟག་་་་ཅོན་་ཏ་ར་ལ་ཡོད། འཇམ་་་་་་་་་ང་ཝར་ནར་ལ་ཡོད་་ སྟག་་་་་ལགས་སོ། དེ་ནས་དེ་རིང་ཁ་སང་ཚོར་བ་གང་འདྲ་འདུག་གམ། འཇམ་་་་་ཚོར་བ་་དམིགས་བསལ་གང་ཡང་མི་འདུག་་་་་སྔར་རྒྱུན་བཞིན་ཡིན་་ སྟག་་་་་ཨ་ལེ ངོ་མ་ཡ་མཚན་རེད། མི་རྟག་པའི་ངོ་བོར་མ་གྲུབ་པ་ཡིན་རྒྱུ་རེད་ཏ འཇམ་་་་་་ཧི་ཧི་ས་དང་རྡོ་སོགས་གསུང་པ་ཡིན་ནམ་་་ འཇམ་་་་་ཁྱེད་ཀྱི་ཐུགས། ཚོར་བ་སྟོང་སྙམས་སུ་གནས་པའི་སྐྱེ་བོ་རྣམས་གསུང་པ་ཡིན་ནམ་ སྟག་་་་་ད་གང་ཤེས་གྲོགས་པོ། ཚོར་བ་ལ་འགྱུར་བ་མེད་པ་དེ་ཡག་རྟགས་མ་རེད། གཟབ་གཟབ་བྱོས་མ་གཏོགས།
འཇམ་་་་་་་ཚོར་བ་ལ་འགྱུར་ལྡོག་མང་ན་རང་ལུགས་མེད་པ་མཚོན་གྱི་ཡོད་་་གྲོགས་མཆོག་་ གཙོ་བོ་དེ་སྐུ་ཉིད་བདེ་པོ་ཡིན་ན་དེ་གས་འགྲིག སྟག་་་་ཨ་ལེ་་ དེ་ཡང་འདྲ་བོ་གསུང་སོང་ཏ མཁས་པ་ནི་མཁས་པ་རང་རེད འདྲ་ས་མི་འདུག སྐུ་རྩེད་ཡིན་ཏ བདེ་པོ་ཡིན་ན་འགྲིག་འདུག རྗེས་སུ་མཇལ་ཡོང ང་ལས་ཀ་ཞིག་འདུག བདེ་མོ་བྱོས་ལོ། འཇམ་་་་་མཁས་པའི་གྲལ་དུ་མ་ཚུད་ཀྱང་། །རང་ལུགས་རྒྱུད་འཛིན་ཤེས་ཙམ་ཡིན་་་་་་ ཧཧཧ སྟག་་་་་་ངོ་གདོང་མེད་པའི་རང་ལུགས་དེ།།མངོན་པ་མེད་པའི་རིན་ཆེན་ཡིན།། འཇམ་་་་ཁ་མཁས་ལྕེ་བདེ་འདྲ་ཡང་ཆོག །རང་གི་ངོ་གདོང་རང་གི་བདག ། གཞན་སྔོན་འགྲེན་པར་དོན་གོ་ཆུང་། ། དེ་ནས་རང་ཚུགས་བག་ཡོད་བྱོས། ། སྟག་་་་་་་བཀའ་སློབ་གསེར་ལས་ལྷག་པ་འདི།།ང་ལ་མི་དགོས་བསྐྱུར་ནས་ཐོང།།བཀྲེས་ཤིང་ལྟོགས་པའི་ཁྱི་འདུག་ན།།དེ་ཡི་ཁ་རུ་གཡུག་རོགས་མཛོད།།ཧཧཧཧཧ རྒན་ལགས་སྐུ་རྩེེད་ཡིན་ཏ འཇམ་་་་་་་་ལེགས་ཉེས་དབྱེར་བ་མི་ཤེས་པའི། །སྐྱེ་བོ་ཀུན་ལ་བསྒོ་བ་འདི། །བསམ་སྤྱོད་དག་མིན་མ་ཡིན་པར། །དོན་ལྡན་ཡིན་མིན་བློ་ཡིས་དཔྱོད། ། སྟག་་་་ཐུགས་མ་བཟུང་རོགས། འཇམ་་་་་་མ་བཏགས་མ་དཔྱད་མ་བསམ་པར། །དོན་མེད་འུར་སྒྲོག་མ་མང་གྲོགས། ། ཀུན་དང་མཐུན་ན་དེ་གའི་ཆོག །དེ་མིན་དགོས་མེད་ཉོག་བཤད་འདྲ། ། སྟག་་་་ལགས་སོ་ལགས་སོ་བདག་གི་གྲོགས།སེམས་ཀྱི་དཀྱིལ་དུ་བཟུང་ནས་ཡོད།། མལ་ས་དྲོ་མིའི་ཡང་སྟེང་དུ།།ལེགས་པར་གཟིམས་རོགས་བདག་གི་གྲོགས།། འཇམ་་་་་་་་་ཨ་རེ་མི་བཤད་སྐུ་རེ་ཙམ། །རང་གི་རྣམ་སྤྱོད་གང་འཕེལ་དང་། །སྐད་ཡིག་ཡར་རྒྱས་ཕྱིན་རེ་དམིགས། །གང་བྱུང་ཡིག་ཉོག་སྤུངས་པ་ལ་སྙིང་ནས་བཟོད་གསོལ་ཞུ་ངེས་ཡིན། ། སྟག་་་་་་་དེ་ཡིན་ཡིན་པ་རེད་ཏ་་་་་་་་་