༼ སྙིང་གཏམ་དངུལ་དཀར་མེ་ལོང་༽
རིགས་མཐུན་སྙིང་གི་གྲོཊ་ཚོས་བདག་ལ་གསོན། །
ང་ཚོ་སྤྲེལ་སྲིན་རིགས་རྒྱུད་གཅིག་ཡིན་ཀྱང་། །
མི་འདོད་རྐྱེན་ངན་དྲག་པོའི་རླུང་ཤུགས་ཀྱིས། །
ངེས་མེད་ས་ཕྱོཊ་གང་སར་སིལ་བུར་གཡུགས། །
འོན་ཀྱང་དུས་རབས་གསར་པའི་ཚན་རྩལ་ལས། །
འཁྲུངས་པས་སྐད་འཕྲིན་བརྡ་འཕྲིན་ལམ་ཆེན་ནང་། །
གང་འདོད་རོལ་རྩེད་སྙིང་གཏམ་པར་རིས་སོཊ། །
ཡིད་ཐང་མ་ཆད་བར་དུ་འབད་པར་སྤྲོ། །
མོ་གཞོན་མཛེས་མའི་འཇོ་སྒེཊ་འདི་ན་ཡོད། །
ཕོ་གཞོན་དར་མའི་ལང་ཚོ་འདི་ན་ཡོད། །
དགའ་བའི་སྙིང་གཏམ་སྣ་ཚོཊ་འདི་ན་ཡོད། །
དུང་སེམས་ཟབ་པའི་རྣམ་འགྱུར་འདི་ན་ཡོད། །
སྙན་མོ་གླུ་ཡི་འགྱུར་ཁུགས་རེ་རེའི་ནང་། །
ཡུན་རིང་སེམས་ཁོངས་སྦས་པའི་གསང་གཏམ་རེ། །
འཇམ་པོ་ངག་གི་ཁ་དབྱངས་རེ་རེ་ཡིས། །
ཡོད་ཚད་ཁྱེད་ཀྱིས་བྲན་དུ་བསྡུ་ལ་ཁད། །
ད་ནི་མི་འདུག་ན་མཉམ་གྲོགས་ཀྱི་ཚོགས། །
སྙན་མོ་ངག་གིས་ལམ་ནས་གླུ་རེ་ལོངས། །
རང་རང་དགའ་སའི་གྲོགས་ལ་བརྡ་རེ་སྟོན། །
མ་འོངས་མདུན་ལམ་བཙལ་སའི་ཁོར་ཡུག་ཡིན། །
སྐད་འཕྲིན་ནང་དུ་ཕེབས་ནས་སྐད་ཆ་ཤོད། །
སྐད་འཕྲིན་ནང་དུ་ཕེབས་ནས་སྐད་ངག་འགྲན། །
སྐད་འཕྲིན་ནང་དུ་ཕེབས་ནས་གོ་སྐབས་འཚོལ། །
སྐད་འཕྲིན་ནང་དུ་ཕེབས་ནས་མཛའ་གྲོགས་བསུས། །