ཆིག་སྒྲིལ་དྲ་བ་གསར་པ་ཤར་གཏོང་།

འདི་ལོའི་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་ཆིག་སྒྲིལ་དྲ་བ་ཞེས་པའི་བོད་ཡིག་དྲ་རྒྱ་ཞིག་གསར་དུ་ཁྱབ་བསྒྲབས་བྱས་འདུག་ལ། དེ་ནི་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་གྲྭ་ལི་ཐང་དབྱིག་གཉེན་གྱིས་གསར་བཟོ་དང་བདག་ཉར་བྱས་ཡོད་པ་ཞིག་རེད།

དྲ་རྒྱ་དེའི་ཐོག་གསར་འགྱུར་དང་། འབོར་རྩོམ། འོས་སྦྱོར། མི་སྣ། བཅར་འདྲི། ལོ་རྒྱུས། བརྩམས་སྒྲུང་། སྙན་ངག རྒྱུན་ཤས། མི་སྒེར་གྱི་ཟིན་བཅས་ཡོད་པ་རེད། དྲ་བདག་གིས་སྤེལ་བའི་གསལ་བསྒྲགས་ནང་“དྲ་བ་མང་པོ་ཞིག་རང་དབང་གི་ངང་ནས་རྩོམ་ཡིག་སྤེལ་བ་སོགས་བྱེད་ཀྱིན་ཡོད་ལབ་མོད། དོན་དུ་ལག་ལེན་དངོས་ལ་ཐུག་དུས་རང་དབང་གི་རྩོམ་ཡིག་སྤེལ་བར་དཀོན་པོ་ཡོད་པར་རྩོམ་པ་པོ་དག་ལ་ལྐོག་ཏུ་མ་གྱུར་བས་ངེད་དྲ་བའི་རྩོམ་སྒྲིག་པའི་ངོས་ནས་དྲ་བའི་ཁ་བྱང་དང་མི་འགལ་བ་ཞིག་ཡིན་ཚེ་དབྱེར་མེད་ཀྱི་རིམ་བཞིིན་རྩོམ་ཡིག་སྤེལ་རྒྱུའི་དམ་བཅའ་གཙང་མ་འདིས་ཁྱད་ཆོས་ཡིན་”ཞེས་འཁོད་འདུག

དྲ་རྒྱ་དེར་གཟིགས་ན།

http://www.chikdrel.net/