མི་ལོ་ལྔ་བཅུའི་རིང་གི་ཧིན་བོད་མཛའ་འབྲེལ།
མཛད་སྒོའི་ཐོག་ཏུ་ྋདཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་དང༌། ཧི་མ་ཅལ་མངའ་སྡེའི་འགྲིམ་འགྲུལ་དང་ས་ཁང་འཆར་འགོད་བློན་ཆེན་སྐུ་ཞབས་ཀ་རི་ཤན་ཀ་པུར་མཆོག རྡ་རམ་ས་ལའི་ཀང་རཱ་རྫོང་གི་རྫོང་དཔོན་ཀམ་ལེ་ཤི་ཀུ་མར་དབུས་པའི་རྒྱ་གར་གཞུང་འབྲེལ་མཛད་གཙོ་རྣམ་པ་དང་རྡ་རམ་ས་ལའི་ཡུལ་མིའི་ཚོགས་པའི་འགན་འཛིན་རྣམ་པ། བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་པ་དང་རང་གཞུང་འཛིན་སྐྱོང་བཀའ་ཤག་གི་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པས་དབུས་སེར་སྐྱ་མི་མང་ཧ་ཅང་མང་པོ་འདུ་འཛོམས་བྱུང་བ་དང༌། མཛད་སྒོའི་ཐོག་ཕྱི་འབྲེལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་ནས་ྋགོང་ས་མཆོག་གི་རྒྱ་གར་གཞུང་མང་ལ་གནང་བའི་གསུང་འཕྲིན་དབྱིན་ཡིག་ཐོག་སྒྲོགས་སྦྱང་གནང་བ་ཡོད་པ་རེད། དེ་རྗེས་རྒྱ་གར་མངའ་སྡེའི་བློན་ཆེན་སྐུ་ཞབས་ཀ་རི་ཤན་ཀ་པུར་མཆོག་ནས་གསུང་བཤད་གནང་བ་དང༌། ྋརྒྱལ་དབང་ཀརྨ་མཆོག་ནས་མངའ་སྡེའི་བློན་ཆེན་དང་ཀང་ར་རྫོང་གི་རྫོང་དཔོན་གཉིས་ལ་ཐུགས་རྗེ་ལེགས་འབུལ་མཚོན་པའི་ཞལ་ཐང་རེ་འབུལ་བཞེས་གནང་ཡོད་པ་རེད། དེ་མིན་རྒྱ་གར་གྱི་སྐུ་མགྲོན་གཞན་ལ་ཕྱི་དྲིལ་བཀའ་བློན་གྱིས་མཇལ་དར་འབུལ་གནང་མཛད་པ་དང༌། གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་ནས་རྒྱ་གར་གཞུང་ལ་མི་ལོ་ལྔ་བཅུའི་རིང་བོད་མི་སྐྱབས་བཅོལ་དུ་འཚོ་གནས་བྱེད་བཅུག་པའི་བཀའ་དྲིན་མཚོན་པར་བྱས་ཡོད་པ་རཻད།།
