ཀོ་ལེ་གྷལ་གྱི་མི་མང་ཚོགས་འདུ་ཆེན་མོ།
གཞི་རྩ་བཤད་དགོས་པ་ཞིག་ལ་གཞིས་ཆགས་འདི་ཧ་ཅང་སྐྱོ་བའི་གྲོང་གསེབ་ཅིག་ན་ད་དུང་གདོད་མའི་ཡུལ་སྲོལ་ཀློང་ན་ཉལ་ཡོད་ལ། ད་དུང་རྗེས་ལུས་མུན་ཀློང་ལ་འཐུམ་ཡོད། དཔལ་ལྡན་སྐུ་ངོ་ཟེར་བའི་མིང་གྲགས་ཅན་མང་པོ་ཕེབས་མྱོང་ཡང་སྤྱི་ཚོགས་གདོད་མའི་ཀློང་ནས་དཀྲོག་མ་མྱོང༌། ཀྱེ་མ་སྐུ་ངོ་ཚོ། ཤེས་རིག་དང་རྣམ་དཔྱོད་ཕྲག་ཏུ་ཁུར་ལ། ལྐོག་ཟས་དང་ཤེད་འགྱང་རྒྱབ་ཏུ་དོར་ལ། ང་ཚོར་དེང་རབས་ཀྱི་ལྟ་བ་དང་དེང་རབས་ཀྱི་དགོས་མཁོ། དེང་རབས་ཀྱི་ཤེས་བྱ། དེང་རབས་ཀྱི་ཚན་རིག དེ་མེད་པས་གཞིས་སྒར་འདི་སྐྱོ་བ།