བླ་བྲང་གི་གྲྭ་པ་ཞིག་ཚེ་བཙོན།

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཀན་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བླ་བྲང་དགོན་པའི་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ལ། ༢༠༠༨ ལོར་བླ་བྲང་ས་ཁུལ་གྱི་ཞི་བའི་ངོ་རྒོལ་གྱི་དོན་རྐྱེན་ལ་འབྲེལ་བ་ཡོད་པར་བཤད་དེ། ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་འདུག ཚུལ་ཁྲིམས་རྒྱ་མཚོ་ལགས་ནི་ད་ལྟ་རང་ལོ་༣༧ ཙམ་ཡིན་འདུག