གྲྭ་བློ་གྲོས་ལ་ལོ་བཅུའི་ཁྲིམས་ཆད།

དེའི་ནང་གི་དབོན་པོ་དགོན་པའི་གྲྭ་བློ་གྲོས་ལགས་སུ་ད་ལོ་ཕྱི་ཟླ་༣ པའི་ཚེས་༡༡ སྟེ་ངོ་རྒོལ་བྱས་ནས་ལོ་གཅིག་ཏག་ཏག་འཁོར་ཉིན་ཁྲིམས་ཐག་བཅད་དེ་ད་ལྟ་ལྷ་ས་ཁུལ་ཆུ་ཤུལ་རྫོང་བཙོན་ཁང་དུ་ཡོད་འདུག ཡིན་ན་ཡང་ཁོང་ལ་ནང་མི་དང་ཉེ་འབྲེལ་སོགས་སུ་ཡང་ཐུག་འཕྲད་བྱེད་ཆོག་གི་མེད་པ་དང། གཟུགས་གཞིའི་བདེ་ཐང་སོགས་ག་འདྲ་ཡིན་མིན་གང་ཡང་ཤེས་ཀྱི་མེད་པ་རེད། ཁོང་གི་ཕ་དགའ་ཡས་ཡང་སྔར་ལོ་རྒྱ་ནག་གཞུང་གིས་བཙོན་ཁང་དུ་ཟླ་ཁ་ཤས་རིང་བཅུག་པ་དང། མཐར་རྒྱ་སྒོར་༥༠༠༠ ཆད་པ་བཅད་རྗེས་གློད་གྲོལ་བཏང་པ་རེད་ཅེས་དང༌། ད་དུང་བོད་ནས་གནས་ཚུལ་མཁོ་སྤྲོད་པས་དེང་སྐབས་བོད་ནང་གང་སར་གྲྭ་ཆས་གྱོན་མཁན་ཚང་མར་དམ་དྲག་དང་དོགས་ཟོན་ཤུགས་ཆེན་བྱེད་ཀྱི་ཡོད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང༌། རྒྱ་ནག་གིས་བོད་པ་ཚོར་རས་གུར་གྲུབ་བྱེད་སྤྲད་ཀྱི་ཡོད་འདུག་མོད། རས་ཆ་ལ་ཁྲག་འགོས་ཡོད་པ་མང་པོ་ཡོད་པོ་ཡོད་པས། མི་ཚང་མང་པོ་ཞིག་གིས་རྒྱ་ནག་ལ་ལོ་སྔོན་མར་ས་ཡོམ་བྱུང་སྐབས་མི་རོ་བཏུམས་སའི་ཆས་མིན་ནམ་སྙམ་ནས་དོགས་པ་ཡང་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག་ཅེས་འགྲེལ་བརྗོད་བྱས་སོང།།
 མེ་སོར་གསར་འགོད་པས།