ཀི་རི་ཀེཊའི་རྩེད་རིགས་འགྲན་སྡུར།
རྩེད་མོའི་མཇུག་བསྡོམས་ཀྱི་མཛད་སྒོར་རྒྱལ་སྤྱིའི་ཀི་རི་ཀེཊ་ལྷན་ཚོགས་ཀྱི་འགན་འཛིན་ཌེ་ཝིད་མོར་གྷན་མཆོག་གིས་༢༠༠༩ ལོའི་རྩེད་འགྲན་འདི་ལེགས་གྲུབ་བྱུང་བར་དགའ་སྤྲོའི་འཚམས་འདྲི་གནང་བ་དང༌། རྒྱལ་ཁ་ཐོབ་མཁན་ལ་གཟེངས་རྟགས་གནང་ཡོད་པ་རེད། འགྲན་ཚོགས་འདི་ཐེངས་གཉིས་པ་དེ་ཡིན་པ་དང༌། ཐེངས་དང་པོ་དེ་ཕྱི་ལོ་༢༠༠༧ ལོར་ ལྷོ་ཨ་ཧྥི་རི་ཁ་རུ་འཚོགས་ཡོད་པ་རེད།