བཀའ་ཤག་གི་འཚམས་འཕྲིན།

འཚམས་འཕྲིན་དེའི་ནང་འཁོད་དོན། སྐུ་ཉིད་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མིར་འགོག་རྐྱེན་མེད་པའི་ཐོག་འདེམས་ཐོན་བྱུང་བར་ང་ཚོ་ཤིན་ཏུ་དགའ་ཚོར་ཆེན་པོ་བྱུང༌། ཕྲན་ནས་བཀའ་ཤག་གི་ཚབ་ཞུས་ཏེ་སྐུ་ཉིད་ལ་འཚམས་འདྲིའི་བཀྲ་བཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ཚོས་སྐུ་ཉིད་ནས་དེ་སྔོན་གྲོས་ཚོགས་དང་དེ་བཞིན་རྒྱ་གར་གཞུང་ལ་རང་དོན་དོར་ཏེ། སྤྱི་སེམས་བརྟན་པོའི་ཐོག་སྲི་ཞུ་བསྒྲུབས་གནང་ཡོད་པ་དེ་བཞིན་མུ་མཐུད་ཡོང་བའི་རེ་བ་ཞུ་བཞིན་ཡོད། སྐུ་ཉིད་འདེམས་ཐོན་བྱུང་བ་དེས་གྲོས་ཚོགས་གོང་མར་ཁྱད་ནོར་ཞིག་ཐོབ་པ་ལྟ་བུ་བྱུང་བ་རེད་ང་ཚོས་བསམ་བཞིན་ཡོད་ཅེས་འཁོད་ཡོད་པ་རེད།།