ཤར་ཕྱོགས་ཕོ་ཉའི་བྱ་དགའ་ཨང་དང་པོ།
བོད་མངའ་རིས་ནས་ཡིན་པའི་བུ་མོ་ཆོས་ཉིད་ཚེ་རིང་ལགས་ལ་《ཤར་ཕྱོགས་ཀྱི་ཕོ་ཉ》ཞེས་པའི་ཆེས་མཐའ་མཇུག་གི་བྱ་དགའ་ཨང་དང་པོ་ཐོབ་ཡོད་པ་དང། ཡུས་དབྱང་དང་།ཏའེ་ཡན་ཉེ་གཉིས་ལ་བྱ་དགའ་ཨང་གཉིས་པ་དང་གསུམ་པ་ཐོབ་པ་རེད།
བུ་མོ་ཆོས་ཉིད་ཚེ་རིང་ནི་༡༩༨༦ ལོར་བོད་མངའ་རིས་ས་ཁུལ་དུ་སྐྱེས་ཤིང་། བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གི་ཞབས་བྲོ་སྡེ་ཚན་ནས་མཐར་ཕྱིན་ལ། ཉེ་ལམ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ནང་བརྙན་འཕྲིན་འཁྲབ་སྟོན་གྱི་ཆེད་ལས་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད། ཁོ་མོའི་དགའ་ཕྱོགས་ནི་གླུ་གཞས་གཏོང་བ་དང་། ཞབས་བྲོ་འཁྲབ་པ། འཁྲབ་སྟོན་བྱེད་པ་སོགས་ཡིན་པར་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་སྔོན་ཁོ་མོས་གློག་བརྙན་དང་བརྙན་འཕྲིན་ལ་སོགས་པའི་ནང་འཁྲབ་སྟོན་བྱས་མྱོང་བ་དང་། ལོ་བཅུ་གསུམ་གྱི་སྟེང་ཆེས་བྲིན་བོད་སྨན་གྱི་ཁྱབ་བསྒྲགས་མགྲིན་ཚབ་པ་བྱས་པ་རེད།།
བོད་ཀྱི་ཆ་འཕྲིན་ལྟེ་གནས་ལས་བཏུས།