སྐབས་དེར་ྋགོང་ས་མཆོག་གདན་འདྲེན་ཞུ་འཆར་ཡོད་རུང༌། ྋགོང་ས་མཆོག་གིས་ཐེ་ཝན་དུ་ཡོང་རྒྱུར་གྲ་སྒྲིག་ཨང་གསར་ཡོད་ཀྱང༌། ཐེ་ཝན་གཞུང་གི་རྣམ་འགྱུར་དང་རྒྱུ་རྐྱེན་སྣ་ཚོགས་ལ་བསྟུན་དགོས་ཀྱི་ཡོད་ཅེས་བཀའ་གནང་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༤ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། དཔེ་དེབ་རྩོམ་པ་པོ་དང་དངོས་བྱུང་གི་གློག་བརྙན་བཟོ་མཁན་ལ། ྋགོང་ས་མཆོག་ལ་བཅར་འདྲི་ཞུ་རྒྱུའི་གོ་སྐབས་ཐེངས་མང་ཐོབ་ཡོད་པ་དང༌། ྋགོང་ས་མཆོག་གིས། ཁོང་སྐྱབས་བཅོལ་ལ་ཕེབས་ནས་འཛམ་གླིང་འདིའི་མི་རིགས་དང་ཆོས་ལུགས་སྣ་ཚོགས་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཐོབ་སོང་ལ། གོ་སྐབས་འདི་ནི་ཧ་ཅང་གི་ཕན་ཐོགས་ཡོད་པ་ཞིག་ཆགས་ཡོད། གལ་སྲིད་ཁོང་བོད་ནས་ཕྱིར་ཕེབས་མེད་ན། ད་དུང་ཡང་པོ་ཏཱ་ལའི་ནང་སྒོ་ལྕགས་བརྒྱབ་ནས་བཞག་ཡོད་རེད་ལ། གུ་དོག་ཅན་གྱི་བསམ་བློ་དེ་རང་འཇགས་བསྡད་ཡོད་ཀྱི་རེད་ཅེས་གསུངས་ཡོད་འདུག
མ་འོངས་པར་ྋགོང་ས་མཆོག་གི་ཡང་སྲིད་རྒྱ་ནག་གཞུང་གིས་ངོས་འཛིན་བྱེད་སྲིད་པའི་སྐོར་བཅར་འདྲི་ཞུས་པའི་བཀའ་ལན་དུ། ༧ཏཱ་ལའི་བླ་མའི་ལམ་ལུགས་འདི་རྒྱུན་འཛིན་བྱེད་དགོས་དང་མི་དགོས་ནི། བོད་མི་མང་གིས་ཐག་གཅོད་བྱེད་ཀྱི་རེད་ཅེས་གསུངས་ཡོད་པ་དང༌། སྤྱི་ཚོགས་འཆམ་མཐུན་མེད་ན་ཡར་རྒྱས་དང་ཞི་བདེ་ཡོང་ཐབས་མེད་པས། རྒྱ་བོད་གཉིས་ཀས་བཟོད་སྒོམ་གྱིས་ཐོག་ནས་དཀའ་ངལ་ལ་གདོང་ལེན་བྱེད་དགོས་པ་ནན་བརྗོད་བྱེད་ཀྱི་ཡོད་ཅེས་བཀའ་བསྩལ་ཡོད་འདུག །