གླེན་པ་གསུམ་ཞེས་པའི་རྒྱ་གར་གྱི་གློག་བརྙན།
གླེན་པ་གསུམ་ཞེས་པའི་གློག་བརྙན་འདིའི་བརྗོད་སྙིང་གཙོ་བོ་ནི་དེང་སང་རྒྱ་གར་ནང་མཐོ་སློབ་ཀྱི་སློབ་གཞིར་ཞན་ཆ་དང་དེར་ལེགས་བཅོས་གཏོང་དགོས་པའི་སྐོར་ཡིན་པ་དང༌། དེར་རྒྱ་གར་གྱི་དཔོན་རིགས་མང་པོས་བསྔགས་བརྗོད་དང་དེར་ལྟ་དགོས་པའི་སྐུལ་མ་གནང་ཡོད་པ་རེད།
དེ་དང་འདྲ་བའི་རྒྱ་གར་གྱི་སློབ་གྲྭའི་སློབ་གཞིའི་ཞན་ཆ་དང༌། དེར་ལེགས་བཅོས་དགོས་པའི་བརྗོད་སྙིང་གཙོ་བོར་བཟུང་པའི་ས་སྟེང་གི་སྐར་མ་(Tare Zaamen Par) ཞེས་པའི་གློག་བརྙན་ཞིག་ཀྱང་འཁྲབ་ཁྲིད་བྱས་ཤིང༌། གློག་བརྙན་དེར་རྒྱ་གར་ནང་ལང་ཕྱོགས་གསར་པའི་སྒོ་མོ་ཕྱེ་མཁན་ལྟ་བུ་ཞིག་ཆགས་ཡོད་པ་རེད། གློག་བརྙན་དེའི་འཁྲབ་ཁྲིད་པ་གཙོ་བོ་ནི་ཨ་མན་ཁཱན་ཡིན་ཅིང༌། གླེན་པ་གསུམ་གྱི་མི་སྣ་གཙོ་བོ་འཁྲབ་མཁན་ཡང་ཁོང་ཡིན་པ་རེད། ཁོང་ནི་དེང་སང་རྒྱ་གར་ཙམ་མ་ཟད་ནུབ་ཕྱོགས་སུའང་སྙན་གྲགས་ཇེ་ཆེར་འགྲོ་བཞིན་པའི་ས་སྟེང་གི་སྐར་མ་ཞིག་ཡིན་པ་རེད། ཉེ་ཆར་གླེན་པ་གསུམ་ཞེས་པའི་གློག་བརྙན་འདི་ཧོ་ལི་ཝུ་ཊ་ཡི་རྒྱལ་སྤྱིའི་གློག་བརྙན་སྒྱུ་རྩལ་དང་ཚན་རྩལ་ཁང་གི་དཔེ་མཛོད་དུ་གཏན་འཇགས་འཁྲབ་གཞུང་ཕྱོགས་སྒྲིག་ནང་གདན་འདྲེན་ཞུས་ནས་གཏན་དུ་ཉར་ཚགས་བྱས་ཡོད་པ་རཻད།