༸གོང་ས་མཆོག་གིས་ཧའེ་ཐི་རུ་འཚམ་འཕྲིན་གནང་བ།
རེས་གཟའ་མིག་དམར་ཉིན་རྒྱལ་ས་པོར་ཊི་ཨུ་ཕེ་རིན་སིའི་ནང་ས་ཡོམ་བརྒྱབ་པར་བརྟེན་མི་མང་པོའི་ཚེ་སྲོག་ཤོར་བ་དང་རྒྱུ་དངོས་ཕོན་ཆེ་ཞིག་ལ་གོད་ཆག་ཆེན་པོ་བྱུང་བར་ངོས་རང་བློ་ཕམ་ཆེན་པོ་བྱུང༌། ངོས་ཀྱི་ཤེས་ཚོད་ལ་ད་རེས་ས་ཡོམ་དེ་ཧའེ་ཐིའི་ལོ་རྒྱུས་ཐོག་ལོ་ངོ་༢༠༠ ཙམ་གྱི་ནང་བྱུང་བའི་ས་ཡོམ་ཚབས་ཆེ་ཤོས་དེ་ཡིན་འདུག ས་ཡོམ་གྱི་གོད་ཆག་ཕོག་པའི་རྗེས་ཤུལ་ཁྱིམ་ཚང་གི་ནང་མི་ཚོར་ངོས་ཀྱིས་སྙིང་ཐག་པ་ནས་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། རང་བྱུང་གི་འཇིག་པ་དེའི་ནང་རྐྱེན་འདས་སུ་ཕྱིན་པ་རྣམས་དང་རྗེས་ཤུལ་ནང་མིས་གཙོས་གོད་ཆག་ཕོག་པ་རྣམས་ལ་བསྔོ་སྨོན་དང་བཅས། ཏཱ་ལའི་བླ་མས། ཞེས་ཐུགས་གསོའི་འཚམ་འཕྲིན་བསྩལ་གནང་འདུག །
