ཞི་བདེ་ཉི་མའི་གློག་བརྙན་ལ་བྱ་དགའ།

དེའི་ཁྲོད་བོད་ཀྱི་འཁྲབ་ཁྲིད་པ་ཞི་བདེ་ཉི་མས་ཕབ་བསྐྲུན་བྱས་པའི་དངོས་ཞུ་གློག་བརྙན《རྟ་མགྲིན་བཟང་མོ》ཞེས་པར་དངོས་ཞུ་གློག་བརྙན་གྱི་བྱ་དགའ་ཨང་གཉིས་པ་ཐོབ་ཡོད་འདུག
བྱ་དགའ་དེ་ཐོབ་དོན་ནི། གློག་བརྙན་ནང་གི་མི་སྣ་རྟ་མགྲིན་བཟང་མོའི་འབྲོག་པའི་འཚོ་བ་དང། ནང་སེམས་ཀྱི་འཇིག་རྟེན་གྱི་ཚོར་བ་མཚོན་ཐུབ་ཡོད་པ་དང། སྒྱུ་རྩལ་གྱི་ཐབས་ལམ་དང་མཚོན་སྟངས་གསར་པ་སོགས་ཀྱི་དགེ་མཚན་ཡོད་པར་བརྟེན། དཔྱད་འདེམས་པ་རྣམས་ཀྱིས་གྲོས་འཆམ་བྱུང་སྟེ་དངོས་ཞུའི་གློག་བརྙན་ཨང་གཉིས་པའི་བྱ་དགའ་སྤྲད་པ་ཞིག་ཡིན་པ་རེད།shide nyima
ཞི་བདེ་ཉི་མས་འཁྲབ་གཞུང་དང་འཁྲབ་ཁྲིད། འཁྲབ་སྟོན་སོགས་བྱས་པའི<བྱུ་རུའི་སྐེ་རྒྱན》དང་།《རྫི་གླུ》《ཁྱིམ》བརྙན་འཕྲིན་ཟློས་གར《མོ་སྟོན་ཕག་མགོ》དངོས་ཞུའི་གློག་བརྙན་《ལམ》དང《རྟ་མགྲིན་བཟང་མོ》སོགས་གློག་བརྙན་བརྙན་འཕྲིན་ཟློས་གར་ཕབ་བསྐྲུན་བྱས་མྱོང་ལ། ལྷག་པར་དུ་བརྙན་འཕྲིན་ཟློས་གར《བྱུ་རུའི་སྐེ་རྒྱན》དང《མོ་སྟོན་ཕག་མགོ》ཕབ་བསྐྲུན་བྱས་པ་ལས་བོད་སྐད་ཀྱི་བརྙན་འཕྲིན་ཟློས་གར་གྱི་ཐོག་མའི་སྟོང་ཆ་བསྐངས། ཁོའི་བརྩམས་ཆོས་སྣ་ཚོགས་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་གང་མང་ཐོབ་མྱོང་ཡོད་པ་རེད།།