ཕོ་མོའི་བརྩེ་དུང་ལ་བཙན་གཡབ་བྱས་སོང་།
དྲན་ཤེས་རླུང་ལ་སྐུར་བའི་སྔ་ནུབ་དུ།།
ཚོར་བ་དུག་ལ་བསྲེས་པའི་ཉིན་མོ་ལ།།
ཁྲག་གི་དྭངས་མ་ཁུ་བ་འདང་ཅན་པོ།།
བེད་མེད་ཕྱི་ལ་དཔྱངས་པའི་ཉེས་པ་ལྕི།།
རིགས་མཐུན་བརྩེ་བ་ཟེར་ནས་བདེན་ཁ་སྒྲོག།
འདོད་པའི་ཞེན་རྩ་ཟེར་ནས་སྲོལ་རྒྱུན་གཏོར།།
ཕོ་མོ་འདྲ་མཉམ་ཟེར་ནས་གང་འདོད་བྱེད།།
མི་ལུས་བསྐྱེད་སྲུང་བྱེད་པའི་འགན་དེ་གཡུགས།།
ཆགས་སེམས་མེ་ལ་འབར་བའི་སེམས་ངོགས་སུ།།
རང་གཤིས་ཚད་མར་སྣང་བའི་ཁྱེད་ཚོ་ཡིས།།
འཁྲུལ་བའི་རྣམ་བཞག་མ་རྟོགས་འཚོ་བའི་ནང་།།
རང་གི་འདོད་པ་མི་ཡི་སྲོལ་དུ་རློམ།།
དགའ་ན་དགའ་བའི་ལུགས་ལ་ཚོད་ཅིག་ཡོད།།
རང་དབང་ཟེར་ཡང་ཀུན་དང་མཐུན་པ་ཞིག།
མེད་པར་བཟོས་པའི་ལམ་ཕྲན་དོག་མོ་འདི།།
མི་རྒྱུད་རྩ་ནས་བཤིག་པའི་འགད་རྫས་ཤིག།
གནའ་བོའི་གཞུང་ལམ་སྒེར་ཚུགས་ལྟ་བར་གླེང་།།
དེང་རབས་འཕྲུལ་ལམ་བདེ་འཇག་ལམ་དུ་སྙམ།།
འདི་ཕྱིའི་གོ་རིམ་ལྡོག་པའི་མི་ཡུལ་ན།།
ཕོ་མོའི་འབྲེལ་ཐག་བར་ལ་ཁྲམ་རྟགས་བརྒྱབ།།
སྐྱིད་སྐྱིད་འདྲ་བའི་རང་གི་སྣང་བ་དང་།།
བདེན་བདེན་སྙམ་པའི་ཁྱེད་ཚོས་བྱེད་སྟངས་འདིས།།
འགྲོ་དྲུག་ཕོ་མོའི་བརྩེ་དུང་ཟབ་མོ་དེར།།
མི་འདོད་བཙན་གཡབ་བྱས་པ་སེམས་ཤིག་སྐྱོ།།
