གྲྭ་པ་དགུ་ལ་བཙོན་འཇུག་ཁྲིམས་ཆད།
དེ་ཡང་༢༠༠༩ ལོའི་ཕྱི་ཟླ་༥ པའི་ཚེས་༢༠ ཉིན་འཇོ་མདའ་རྫོང་མི་མང་ཁྲིམས་ཁང་ཞེས་པ་ནས། བཀྲ་ཤིས་ཟླ་བ་དང། ཉི་མ་ཚེ་རིང། ལྷུན་གྲུབ་བཅས་གསུམ་ལ་ལོ་༡ གི་ཁྲིམས་ཐག་བཅད་ནས་ཆབ་མདོ་ས་ཁུལ་གྱི་བཙོན་ཁང་ནང་བཙོན་འཇུག་བྱས་པ་དང། ཚེ་རིང་དཔལ་ལྡན་དང། འཇམ་བཞད་གཉིས་ལ་ལོ་༡༢ ཀྱི་ཁྲིམས་ཐག་བཅད་ཡོད་འདུག དེ་བཞིན་རྒྱལ་མཚན་དང། ནག་བཀྲ། བཀྲ་རྡོ། ཉི་གཅོད་བཅས་ལ་ལོ་༡༥ ཁྲིམས་ཐག་བཅད་གཞིས་རྩེ་བཙོན་ཁང་དུ་བཅུག་ཡོད་འདུག །
