བལ་ཡུལ་དུ་བོད་མི་བཀག་ཉར།
ལྷག་པར་དུ་བལ་ཡུལ་དུ་རྒྱ་ནག་གི་གནོན་ཤུགས་འོག་ས་ཁུལ་དེར་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མི་བཅུག་པའི་བཀའ་བཏང་བ་དང། གལ་སྲིད་ལས་འགུལ་སྤེལ་མཁན་བྱུང་ན་མེ་མདའ་རྒྱག་རྒྱུ་ཡིན་ཚུལ་གསར་ལམ་ཁག་ནས་གནས་ཚུལ་ཐོན་ཡོད་པ་རེད། འོན་ཀྱང་བོད་མི་རྣམས་ཀྱིས་སྙིང་སྟོབས་ཞུམ་མེད་ཀྱིས་བལ་ཡུལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་སྐད་འབོད་བྱེད་སྐབས་བོད་མི་༣༠ ཙམ་འཛིན་བཟུང་བྱས་ཡོད་པ་རེད།།