བོད་པ་ཡིན་ན་བསམ་ཚུལ་ཤོད།
རྡོ་ རྗེ་ཚེ་བརྟན་ནས། ཁོ་གཉིས་ངོ་སྤྲོད་ཅིག་བྱས་སོང་། དོ་ནུབ་ཀྱི་ལེའུ་ཚན་ནི་བོད་ཡིག་ལ་ལེགས་བཅོས་བྱེད་དགོས་མིན་དེ་ཡི་ཐད་ཀྱི་ བགྲོ་གླེང་བྱེད་རྒྱུ་ཡིན་པ་དང་། བགྲོ་གླེང་འདིར་ངེས་སུ་མཉམ་ཞུགས་གནང་མཁན་ཟེར་ནས་ནམ་རྒྱུན་ལྟར་སྐད་ངག་ལ་ཉམས་ འགྱུར་ལྡན་པའི་ངང་འགོ་འཛུགས་བྱས་སོང་།
སྤྱིར་ བཏང་གི་དངོས་ནས་བཤད་ན། ལེགས་བཅོས་ཟེར་བ་དེ་ནི་མི་རིགས་ཤིག་གི་སྐད་ཡིག་དེ་ཡི་སྤྱི་ཚོགས་ཤིག་གི་ དགོས་འཁོ་སྐོང་ཐུབ་ཀྱི་ཡོད་མེད་དང་དེ་ཡི་འདང་གི་ཡོད་མེད་སོགས་ལ་བལྟས་དེ། ལེགས་པའི་ཆ་མང་བོ་ཞིག་ནང་དུ་འདྲེན་པ་དེ་ལ་ལེགས་བཅོས་ཟེར་ན་མ་འགྲིག་པ་མེད་ ཀྱང་། ཁོ་གཉིས་ཀྱིས་བསམ་ཚུལ་བཤད་སའི་ལེགས་བཅོས་ཟེར་ནས་གླེང་བཞིན་པ་དེ་ནི་འགྱུར་ བཅོས་ཀྱི་སྒང་དུ་འགྲོ་བཞིན་པ་ཞིག་ལས། སྒྱུར་བཅོས་ཀྱང་རེད་མི་འདུག
བསོད་ ནམ་རྒྱལ་མཚན་ལགས་ཀྱིས་གསུངས་པ་དེ་དག་གི་ཁྲོད་ཀྱི་བོད་མིའི་སྐད་ཡིག་གི་ལེགས་ བཅོས་ཟེར་བ་དེ་ལ་བོད་ཕྱི་ནང་གཉིས་ཀྱིས་བོད་ཡིག་གི་སྐོར་ལ་སེམས་འཁྲལ་ཡོད་ མཁན་ཚང་མས་ལྟ་ཚུལ་གཅིག་པ་རེད་ཟེར་ན་འགྲིག་གི་འདུག བོད་ཡིག་གིས་མ་འདང་བ་མིན་པར་བོད་ཡིག་སྤྱོད་མཁན་གྱི་ང་རང་ལྟ་བུ་མི་ཉུང་བ་ ཞིག་གིས་ཡོད་ཚད་མེད་པར་ལག་ནས་གང་བྱུང་དུ་བྲིས་དེ་འོང་དུས་ཕ་སྐད་རྐྱང་བ་མང་ བོ་ཞིག་ནང་དུ་ཤོར་སྟབས་མ་གོ་བ་དེ་ཡིས་བོད་ཡིག་གི་རིན་ཐང་ལ་ནོར་འཁྲུལ་བཟོས་ པ་རེད་མ་གཏོགས། བོད་ཡིག་རང་སྟེང་ན་ནོར་འཁྲུལ་གང་ཡང་མེད། བོད་ཡིག་བེད་སྤྱོད་བྱེད་མཁན་གྱི་བོད་མི་རང་ངེས་ནས་མ་འཇོན་པ་རེད་མ་གཏོགས། བོད་ཡིག་གིས་མ་འདང་བ་གང་ཡང་མི་འདུག
བསྟན་ འཛིན་བདེ་སྐྱིད་ལགས་ཀྱིས་མོ་རང་ལ་གདེང་ཚོད་ཆེན་པོ་ཡོད་སྣང་གིས། བོད་ཡིག་ལ་འགྱུར་བ་གཏོང་སྟངས་ཀྱི་ཐད་དུ། བོད་ཡིག་གི་འགྱུར་བ་བྱེད་ལུགས་ཀྱི་དབྱིན་རྩོམ་ཞིག་བྲིས་དེ། རྩོམ་ཡིག་དེ་ཕ་ཡུལ་དྲ་རྒྱའི་སྒང་ནས་ཀློག་སྟོང་ཕྲག་ལྔ་ལྷག་བྱུང་བ་དང་། དེ་དག་གིས་ཀྱང་ཁོ་མོ་ལ་རྒྱབ་སྐྱོར་ཐོབ་ཡོད་པ་སོགས་རྡོ་རྗེ་ཚེ་བརྟན་གྱིས་ གསུངས་པ་ལྟར། ཁོ་མོས་ཀྱང་རང་ཉིད་ལ་བདེན་ཁ་སྟེར་མཁན་མི་ཉུང་བ་ཞིག་སླེབས་སོང་མ་ཟད། སླེབས་པ་དེ་ཡང་གནས་ལུགས་ཡོད་པ་དང་རྒྱུ་མཚན་ཡོད་པ་ཞིག་ཡིན་པར་མཐོང་གི་ཡོད་ལ། དེ་ལྟར་བྱས་པ་ཡིན་ན་བོད་ཡིག་ཀློག་ཁག་པོ་ཡོད་པ་དེ་ལས་སླ་རུ་སོང་བ་ཡིན་ན། བོད་ཡིག་ཀློག་མཁན་མང་དུ་འགྲོ་ངེས་རེད་ཟེར་ནས་འགྱུར་བ་གཏོང་ལུགས་འདི་འདྲ་ རེད་ཟེར་ནས་གསུངས། དཔེར་ན། ང་བོད་ནས་ཡོང་བ་ཡིན། {ང་ བོད་ ནས་ ཡོང་བ་ ཡིན། ང་རང་གི་མིང་ལ་བསྟན་འཛིན་བདེ་སྐྱིད་ཡིན། ང་ རང་ གི་ མིང་ ལ་ བསྟན་འཛིན་ བདེ་སྐྱིད་ ཡིན། }
རྡོ་ རྗེ་ཚེ་བརྟན་གྱིས། ཕོ་བྲང་ཆེན་པོ་པོ་ཏ་ལ་དཔེར་འཇོག་གིས། བོད་ཡིག་ལ་ཚིག་གཅོད་སྟངས་མ་ཤེས་པའི་དཀའ་ངལ་ཞིག་འཕྲད་པའི་གཏམ་རྒྱུད་ཁ་མཚར་ ཞིག་ཡོད་པ་དེ་གསུངས་དེ་འོང་དུས། བསྟན་འཛིན་བདེ་སྐྱིད་བར་རོལ་དུ་མཆོང་ནས་དེ་རེད། ངས་ཀྱང་དེ་འདྲ་བཤད་ཀྱི་ཡོད། ང་ཚོས་གཅོད་མཚམས་ལ་དཀའ་ངལ་ཡོད་པས་བོད་ཡིག་གི་ཚིག་མཚམས་གཅོད་སྟངས་ལ་འགྱུར་བ་ གཏོང་དགོས་ཀྱི་འདུག་་ཟེར་གྱི་ཡོད་ཟེར་གྱི་འདུག
དེ་དང་ བསྟུན་ནས་བསོད་ནམ་རྒྱལ་མཚན་ལགས་ཀྱིས་ཀློག་སྟངས་ལ་གཅོད་མཚམས་ཀྱི་དཀའ་ངལ་མེད་ པའི་སྐོར་ལ་རྒྱུ་མཚན་གསལ་བོ་ཞིག་གསུངས་སོང་། གང་ལྟར། རྣམ་པ་གཉིས་ཀྱིས་བོད་ཡིག་ལ་ཁོར་ཡུག་མེད་པས་སྡུག་སྨྲེ་དང་བོད་ཡིག་ཀློག་ཁག་ པོ་ཡོད་པའི་སྐོར་གསུངས་པ་ལས། བོད་ཡིག་འདི་ཡར་རྒྱས་གཏོང་སྟངས། བེད་སྤྱོད་བྱེད་ལུགས་མི་འདྲ་བ་ཞིག་གི་སྒང་ནས་དར་ཁྱབ་ཆེ་རུ་འགྲོ་བའི་སྐོར་ལ་ གཉིས་ཀའི་གསལ་བོ་ཞིག་གསུངས་མ་སོང་ལ། ཁ་པར་གཏོང་མཁན་ཚོས་ཡིན་ཡང་བསྟན་འཛིན་བདེ་སྐྱིད་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་ གནང་གི་མི་འདུག
དེས་ན་ སྤུན་ཟླ་ཚོ། ཁྱེད་ཅག་གིས་གཟིགས་པ་ཡིན་ན། ང་ཚོས་བོད་ཡིག་འདི་ཇི་ལྟར་བོད་མིའི་ཁ་ལག་སྤྱོད་གསུམ་གྱི་འཚོ་བའི་ནང་དུ་ སླེབས་ཐབས་བྱེད་པ་ལ་ཐབས་ཤེས་གང་གཟིགས་ཀྱི་ཡོད་ཐད་དུ་བསམ་ཚུལ་ལྷུག་པོ་ཞིག་ གསུང་རོགས་ཞུ།