ས་ཡོམས་གོད་ཆགས་ཆེད་ཞལ་འདེབས་བསྡུ་སློང་གི་གསལ་བསྒྲགས།
དེ་དག་གི་ཁྲོད་རྨས་སྐྱོན་ཕོགས་པ། ནང་མི་རྩ་མེད་དུ་ཕྱིན་པ། ཕ་མ་གྲོངས་ནས་དྭ་ཕྲུག་ཏུ་ལུས་པ་སོགས་ཡིད་སྐྱོ་བའི་གནས་ཚུལ་ཐོན་བཞིན་པ་ལགས་ན། ད་ལམ་བཞུགས་སྒར་ཁུལ་དུ་གནས་སྡོད་གོང་གསལ་ས་གནས་རང་ནས་ཡིན་པའི་སེར་སྐྱ་མི་གྲངས་ཉིས་བརྒྱ་ལྷག་མ་སྐུལ་དྭངས་བླང་གིས་ཛ་དྲག་ཆེད། ༤།༡༤་ཡུལ་ཤུལ་ས་ཡོམས་གདུང་སེལ་ཚོགས་ཆུང་ཞིག་གསར་བཙུགས་ཞུས་ཏེ་ཚེ་སྲོག་ཤོར་བའི་ཚེ་འདས་རྣམས་ལ་ཡིད་གདུང་བའི་མྱ་ངན་སྐྱབས་ཞུའི་བསྔོ་སྨོན་བདུན་ཚིག་རེ་རེ་བཞིན་མཆོད་འབུལ་རྒྱ་ཆེ་ཞུ་རྒྱུ་དང༌། ཤུལ་ལུས་སྤུན་ཟླ་རྨས་སྐྱོན་ཕོགས་པ་རྣམས་ལ་སྨན་བཅོས་དང༌། སྡོད་ཁང་བསྐྱར་སྐྲུན། འཚོ་གནས་སོགས་ཀྱི་ཆེད་སྤུན་ཟླ་རང་རིགས་རྣམས་དང༌། དེ་བཞིན་ལར་ཞེན་ཅན་གྱི་མི་སྣ་སོགས་ནས་སྐྱིད་སྡུག་མཉམ་མྱོང་གི་མཐུན་འགྱུར་རྒྱབ་སྐྱོར་ཞལ་འདེབས་རྒྱ་མི་ཆུང་བ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང༌། གང་བྱུང་བའི་ཞལ་འདེབས་རྣམས་ང་ཚོས་ས་གནས་ས་ཐོག་གོད་ཆགས་བྱུང་བ་ཚོའི་ཆེད་དུ་སྨིན་གཏོང་ཐུབ་པ་བྱ་རྒྱུའི་ཡིད་ཆེས་གཏན་པོའི་འབོད་སྐུལ་ཞུའི་ཡོད་པས་དེ་དོན་རྒྱ་ཆེའི་སེར་སྐྱ་མི་མང་ཡོངས་ནས་རྒྱབ་སྐྱོར་གང་ཟབ་གནང་སྐྱོང་ཡོང་བ་མཁྱེན། མཁྱེན།།
༤།༡༤ ཡུལ་ཤུལ་ས་ཡོམས་གདུང་སེལ་ཚོགས་ཆུང་ནས།
ཕྱི་ལོ་༢༠༡༠ ཟླ་ ༤ ཚེས་ ༢༠ ལ།།
Swift code ICICI Bank NBB
Gendun tsephel
A/c 050001501154
