འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས།
ཉིན་དེར་གངས་སྐྱིད་སྤྱི་ཐབས་ཚོགས་ཁང་དུ་ཡིག་ཚང་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་པ་དང། སྐབས་དེར་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་དང། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ། ཚོགས་པ་དེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་འོད་ཟེར་རིན་པོ་ཆེ། འཕགས་ཡུལ་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་སོགས་སྐུ་མགྲོན་དུ་ཕེབས་པ་དང། ཚོགས་པ་དེ་དང་ཇོ་ནང་པའི་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།
ཚོགས་པ་དེའི་ལས་འཆར་ནི་བོད་སྤྱིའི་ལོ་རྒྱུས་དང་ཆོས་འབྱུང། ལྷག་པར་དུ་དཔལ་རྒྱལ་བ་ཇོ་ནང་པའི་ལོ་རྒྱུས་དང་ཆོས་འབྱུང་སོགས་ལ་ཞིབ་འཇུག་དང་བགྲོ་གླེང་བྱ་རྒྱུ། དཔལ་རྒྱལ་བ་ཇོ་ནང་པའི་ལོ་རྒྱུས་དང་ཆོས་འབྱུང་སོགས་འཛམ་གླིང་མི་རིགས་ཡོངས་ཀྱིས་མཁྱེན་རྟོགས་ཡོང་སླད་གསལ་བཤད་ཀྱི་ཡིག་ཆ་གང་མང་བརྒྱུད་ལམ་འདྲ་མིན་ཐོག་འགྲེམས་སྤེལ་བྱ་རྒྱུ། བོད་ཀྱི་མཁས་དབང་སྤྱི་དང། ལྷག་པར་དཔལ་རྒྱལ་བ་ཇོ་ནང་པའི་དམ་པ་གོང་མ་རྣམས་ཀྱི་གསུང་རྩོམ་དཔེ་རྒྱུན་དཀོན་རིགས་རྣམས་ཕྱོགས་སྒྲིག་བྱས་ཏེ་པར་སྐྲུན་བྱ་རྒྱུ། ཕྱོགས་སོ་སོ་ནས་ལོ་རྒྱུས་དང། དཔྱད་རྩོམ། སྒྲུང་རྩོམ། སྙན་རྩོམ། ལྷུག་རྩོམ། བསྒྱུར་རྩོམ་སོགས་བསྡུ་ལེན་བྱས་ཏེ་དུས་དེབ་པར་སྐྲུན་བྱ་རྒྱུ་སོགས་ཡིན་པ་རེད།།