རྫ་ཡུལ་རྫོང་དུ་གངས་ཆར་དྲག་པོ་བབས་ནས་མི་ལྔ་གྲོངས་པ།

རྫ་ཡུལ་རྫོང་གི་གཞུང་ལམ་དང་ཟམ་པར་གནོད་སྐྱོན་ཆེན་པོ་ཐེབས་ཤིང། གྲོང་ཚོ་༥༨ དང། གཞུང་ལམ་གྱི་རིང་ཚད་སྤྱི་ལེ་༨༨༧ ཡོད་པའི་ཞིང་གྲོང་གཞུང་ལམ་ལ་གནོད་པ་ཐེངས་ཡོད་ཅིང། དུང་ཁྱིམ་༢༡༣༢ ཀྱི་མང་ཚོགས་ལ་གནོད་པ་ཐེབས་ཡོད་པ་དང། གནོད་པ་ཐེབས་པའི་མི་གྲངས་༡༠༦༦༨ ལ་སླེབས་ཡོད་པ་མ་ཟད། རྫོང་ཡོངས་ཀྱི་ཞིང་པ་དང་འབྲོག་པ་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་༤༤་༩་ཙམ་ཟིན་ཡོད་པའི་གནས་ཚུལ་སྤེལ་འདུག །