ཀརྨ་བསམ་འགྲུབ་ལ་ཉེས་རྡུང་ཚབས་ཆེན་བཏང་བ།
ཚེས་༢༢ ཉིན་ཀརྨ་བསམ་འགྲུབ་ཁྲིམས་རར་བསྐྱོད་པའི་སྐབས་སུ་ཁོང་གི་ཁྲིམས་རྩོད་པ་དང། བཟའ་ཟླ་བཅས་ཀྱིས་ཁོང་གི་གཟུགས་པོའི་ལྗིད་ཚད་ཧ་ཅང་ཆགས་ནས་ཁོང་གི་སྐད་ནས་མ་གཏོགས་ངོ་མི་ཤེས་པའི་ཚད་དུ་བསྐྱལ་ཡོད་པ་དང། ཀརྨ་བསམ་འགྲུབ་ལ་ཟླ་བ་མང་པོར་འདྲི་བརྩད་བྱས་པའི་རིང་འབྲེལ་ཡོད་ཉེན་རྟོག་པ་རྣམས་ཀྱིས་ཉེས་རྡུང་དྲག་པོ་བཏང་བ་མ་ཟད། ཉིན་མཚན་མང་པོར་གཉིད་ཁུག་མ་བཅུག་པ་དང། དུག་རྫས་སོགས་འདྲ་མིན་ཟ་བཅུག་ནས་མིག་དང་རྣ་བ་ནས་ཁྲག་ཐོན་པའི་གནས་སྟངས་བྱུང་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།
དེ་བཞིན་ཁྲིམས་རྩོད་པས། ཀརྨ་བསམ་འགྲུབ་ལ་ཁེ་ཕན་ཡོད་པའི་གནས་ཚུལ་མང་པོ་ཞིག་ཡིག་ཆའི་ནང་དུ་མེད་པར་བཟོས་ནས། དེའི་ཚབ་ཏུ་ཁོང་ལ་སྐྱོན་བརྗོད་བྱས་པའི་ཞུ་གཏུགས་ཀྱི་ཡིག་ཆ་གསར་པ་མང་པོ་བཅུག་འདུག་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།།