བགྲོ་གླེང་གི་མཇུག་སྡོམ།
དེ་ཡང་དེ་རིང་བགྲོ་གླེང་གི་སྔ་དྲོའི་ཆ་ལ་བགྲོ་གླེང་བ
༡ཁང་གསར་རྡོ་རྗེ།
༢བཤད་སྒྲུབ།
༣སྒ་པ་ཐུབ་བསྟན།
༤བེ་རི་དཔལ་ལྡན།
༥རྒྱལ་ཐང་ཡོན་ཏན།
༦འཆམ་ར་དྲི་མེད།
༧འབའ་པ་སྐལ་བཟང་།
༨ བསྟན་པ་རྒྱལ།
༩ལི་ཐང་དབྱིག་གཉེན།
༡༠ལྕོག་རི་ཕུར་བུ།
༡༡ འཆི་མེད།
༡༢་བོད་ལ་དགའ་བའི་བུ།
༡༣་ཉི་མ།
བཅས་མི་བཅུ་གསུམ་དང་།
ཕྱི་དྲོའི་ཆ་ལ་བགྲོ་གླེང་བ་
༡་གངས་ལྷ་མོ།
༢་བཤད་སྒྲུབ།
༣་སྒ་པ་ཐུབ་བསྟན།
༤་བེ་རི་དཔལ་ལྡན།
༥་རྒྱལ་ཐང་ཡོན་ཏན།
༦་འཆམ་ར་དྲི་མེད་རྒྱལ་མཚན།
༧་འབའ་པ་སྐལ་བཟང་།
༨ དོན་ཡོད
༩་ལི་ཐང་དབྱིག་གཉེན།
༡༠་ལྕོག་རི་ཕུར་བུ།༡༡ འཆི་མེད།
༡༢་བོད་ལ་དགའ་བའི་བུ།
༡༣་ཉི་མ།
༡༤་ཨ་ཀ་སྤེན་པ།
༡༥་ནགས་ཕྲན་པ་བསོད་ནམས་ཚེ་རིང་།
༡༦་རྟའུ་ཆོས་མཛད།
༡༧་གསེར་རྟ་ཚུལ་ཁྲིམས།
༡༨་སངས་རྒྱས་རྡོ་རྗེ།
༡༩་ཁང་གསར་རྡོ་རྗེ་
༢༠་ལུ་ནག་ལགས་བཅས་མི་གྲངས་ཉི་ཤུ་ཙམ་བཅས་ཕེབས་འདུག དེ་རིང་ཉིན་གཅིག་རིང་བགྲོ་གླེང་གནང་བའི་སྙིང་པོ་དྲིལ་ན། སྐབས་གསུམ་པའི་བཀའ་བློན་ཁྲི་བ་དེ། མང་ཤོས་ཀྱིས་མཁས་དབང་བློ་བཟང་སེང་གེ་ལགས་ལ་འོད་སྣང་ལྡན་པའི་རྒྱབ་ལྗོངས་དང་ཡང་དག་པའི་རྒྱུ་མཚན་བགྲངས་ནས་མོས་མཐུན་གནང་མཁན་བརྒྱ་ཆ་ཚད་མཐོ་ཤོས་དེ་བྱུང་སོང།
དེ་ནས་སྤྱི་མཐུས་ཀརྨ་ཆོས་འཕེལ་དང་གདམ་མཁན་ཡང་བྱུང་སོང་། དེ་ཙམ་ལས་འོས་གཞི་ཁ་ཐོར་བ་དང་བསམ་ཚུལ་མ་མཐུན་པ་ཆེན་པོ་དེ་འདྲ་མ་བྱུང་སྙམ།
དེ་བཞིན་སྐབས་གསུམ་པའི་བཀའ་བློན་ཁྲི་བའི་འགན་འཁྲི་དེ། ཕྱོགས་ཡོངས་ཀྱི་བགྲོ་གླེང་བས་བློ་བཏོན་གནང་བ་ལྟར་ན། དོན་ཚན་་༥ ཙམ་ནང་འདུས་འདུག་སྙམ།
༡་ཤེས་ཡོན་དང་།
༢་ལོ་རྒྱུས་ཐོག་སྤྱི་ཚོགས་ནང་རྙོག་གླེང་མེད་པ།
༣་བོད་དོན་བདེན་མཐའ་གསལ་རྒྱུའི་ཆེད་འཛམ་གླིང་ཆབ་སྲིད་རིག་པ་ལ་མཁས་པ།
༤བོད་མིའི་སྐྱབས་བཅོལ་བའི་ངོ་བོར་ལྡན་མཁན།
༥་ཤེས་ཡོན་ཡར་རྒྱས་དང་གཞིས་ཆགས་སྲ་བརྟན་སོགས་རེད་འདུག།
དེའི་ནང་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་རྒྱུ་མཚན་བརྒྱད་ཀྱིས་བློ་བཟང་སེང་གེ་གདམ་པ་དང་།
ཁང་གསར་རྡོ་རྗེས། བློ་བཟང་སེང་གེ་ལ་རྒྱུ་མཚན་གཉིས་བཤད་དེ་སྐྱོན་བརྗོད་གནང་སོང་།
དེ་ལྟརདེ་རིང་གི་བགྲོ་གླེང་འདི་ནི་ཐོག་མའི་ཚོད་དཔག་ལས་ཡོངས་སུ་བརྒལ་ཏེ་ཧ་ཅང་མཛེས་སྡུག་ལྡན་པ་དང་། དོན་ཕན་ལྡན་པ་ཞིག་བྱུང་སོང་སྙམ་པའི་དགའ་ཚོར་དང་བཅས། ང་ཚོས་ཕྱོགས་མཐའ་ཁག་གི་བོད་རིགས་མང་པོ་ཞིག་ལྷན་ཞུགས་ཐུབ་པའི་རེ་བ་སེམས་ལ་ཉར་ཏེ། དྲྭ་ཐོག་གི་བགྲོ་གླེང་འདི་གོ་སྒྲིག་ཞུས་པ་བཞིན། དེ་རིང་ཕྱོགས་ཡོངས་ཀྱི་སྐུ་མགྲོན་མང་པོ་ཞིག་ཕེབས་གནང་ཐུབ་པདང་། དེ་དག་གིས་ཀྱང་རིག་པའི་བློ་གྲོས་སྡུར་ཏེ། མཛའ་བརྩེའི་ངང་བགྲོ་གླེང་ཟབ་མོ་གནང་ཐུབ་པ་བྱུང་བ་ནི། ང་ཚོའི་གཟི་བརྗིད་རེད་ལ། ང་ཚོའི་རྒྱལ་ཁའང་རེད་སྙམ།
ད་ལྟའི་མཇུག་སྡོམ་གྱི་གོ་སྐབས་འདི་བཟུང་ནས། ངེད་གོ་སྒྲིག་པས་དེ་རིང་འདིར་ཐུགས་སྣང་ཆེན་པོའི་ངང་ཕེབས་པའི་སྙིང་ཉེ་བའི་སྤུན་ཟླ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་དང་། ནམ་ཡང་ཁྱེད་ཅག་གི་ཆོས་མཐུན་བྱ་བ་དག་གེགས་མེད་ངང་འགྲུབ་པའི་སྨོན་འདུག་དང་ཁ་གཡང་སྒྲོག་བཞིན་ཡོད།
མཐའ་དོན་བོད་རྒྱལ་ཁབ་ཆེན་མོའི་བདེན་མཐའ་བདེ་ལེགས་ངང་མྱུར་དུ་གསལ་བ་དང་། ལུགས་གཉིས་བདག་པོ་༧ གོང་ས་ཡིད་བཞིན་བུ་མཆོག་སྐུ་ཚེ་ཡུན་དུ་བརྟན་པ། དེ་བཞིན་མ་འོངས་བོད་ཀྱི་ཕྱོགས་སྟོན་པ་ཆེན་པོ་། སྐབས་གསུམ་པའི་མི་རྗེ་བཀའ་བློན་ཁྲི་བ་རིན་པོ་ཆེ་དེ་ཉིད་སྤུས་དག་པོ་ཞིག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
ཁྱེད་ལ་ཕུལ་བའི་གཏམ།
གྲོགས་པོ་ལགས། ང་ཚོ་ནི་མི་རབས་གསར་བ་ཡིན་ལ། མི་རབས་གསར་བའི་སེམས་ཁམས་ལ། ཐལ་རྡུལ་རྙིང་བས་མ་གོས་པ་བྱ་རྒྱུ་ནི། མི་རབས་གསར་བའི་ཁྱད་ཆོས་ཡིན། དེས་ན་ང་ཚོས་ཆོལ་གསུམ་ཆིག་སྒྲིལ་དང་། ཆོས་ལུགས་དབྱེར་མེད་ཐོག་ལག་པའི་ནང་ལ་ལག་འཇོག་བཞིན། སེམས་པའི་ནང་ལ་སེམས་པ་བཞག་སྟེ། ང་ཚོས་མནའ་དེང་ཤེས་ཡོན་གྱི་གཤོག་པ་བརྐྱངས་ནས། དུས་རབས་ཀྱི་ནམ་མཁར་ལྡིང་། ང་ཚོས་ལ་རྒྱའི་དཔུང་པ་གནམ་ལ་འཕྱར་ནས། དགྲ་ནག་ལ་གདོང་གཏད། ཕ་མེས་ཀྱི་ཤ་ལན་ལེན། བུ་རབས་ཀྱི་འདུག་ཆུས་སྒྲུབ། གྲོགས་པོ་ལགས། འདི་ནི་མི་རབས་གསར་བའི་ལང་ཚོ་ཡིན་ལ། འདི་ནི་མི་རབས་གསར་བའི་ཆོད་སེམས་ཡིན།
བོད་རྒྱལ་ལོ།
