རྒྱ་རི་སྒྲོལ་མ།

གང་ཡིན་ཟེར་ན་ཁོང་གིས་བོད་གཞུང་དམངས་གཉིས་ཀྱི་སྐོར་ཉམས་མྱོང།  བོད་མི་ཉམས་ཐག་ལ་རོགས་རམ། གནའ་དེང་རྒྱ་བོད་དབར་འགལ་འབྲེལ། རྒྱ་གར་གྱི་སྐད་ཡིག་འབྲི་ཀློག་དང་རྒྱ་དཀར་ནག་གཉིས་ཀྱིས་ཁྲིམས་ལུང།  རྒྱལ་སྤྱིའི་གནས་བབ་དང་ཁྲིམས་ལུང་།   དབྱིན་ཡིག་གི་ཆུད་ཚད་དང་ཕྱི་རྒྱལ་དཔོན་རིགས་ཁག་དང་འབྲེས་ལམ་སོགས་ཀྱི་ཐད་ཤེས་ཚད་ཚད་ལྡན་འདུག་ལ །  ལྷག་པར་དུ་རྒྱ་གར་དཔོན་རིགས་ཁག་དང་འབྲེལ་བ་ལེགས་པོ་འདུག་པ་ནི་ང་ཚོ་རྒྱ་གར་ལུང་པ་ནང་དུ་སྐྱབས་སྐྱོར་ཡོད་པར་བརྟེན་རྒྱ་གར་མཐོ་རིམ་མི་སྣ་དང་འབྲེལ་བ་ནི་ཧ་ཅང་གི་གལ་ཆེ་ཞིག་ཡིན་པར་དངོས་ཡོད་རེད།  དཔེ་མཚན་ཙམ་ཞུ་ན་དེ་སྔན་མེ་ཇེག་ཏྲི་ལ་(Manjukatilla) བོད་མི་གནས་སྡོད་བ་རྣམས་ས་ཆ་གཞན་དུ་གནས་སྤོ་དགོས་པའི་གནས་དོན་དང་རྡ་ས་གཡས་གཡོན་འགྲོ་ལམ་གསར་བཟོ་སོགས་ལ་རྒྱ་རི་སྒྲོལ་མས་ཕན་ཐོག་ཆེ་པོ་བྱུང་ཟེར་ནས་ས་གནས་ཡུལ་མི་རྣམས་ཀྱིས་གསུངས་བྱུང།   དེ་སྔོན་རྒྱ་ནག་གཞུང་གི་གསར་ལམ་ཁག་མང་པོ་ཞིག་གི་ནང་”ཏཱ་ཟངས་གཉིས་དང་རྒྱ་རི་སྒྲོལ་མ་སོགས་མི་སྣ་ཁག་གཅིག་གིས་རྒྱ་ནག་གི་བདེ་འཇག་ལ་ཟིང་འཁྲུག་སློང་གིས་འདུག་”ཟེར་ནས་རྐྱེན་བརྗོད་ཤུགས་ཆེ་བྱས་པ་གུས་པའི་ཐེངས་མང་མཐོང་ཐོས་བྱུང་བས་རྒྱ་རི་སྒྲོ་མས་༧གོང་ས་མཆོག་གི་བཀའ་གསུང་ཅི་སྒྲུབ་བྱེད་བཞིན་ཡོད་པ་གསལ་བཤད་ང་རང་ཚོ་ནང་ཁུལ་མི་དགོས་པར་དགྲ་བོ་རྒྱ་ནག་དཔོན་རིགས་རྣམས་ཀྱིས་བྱེད་བཞིན་འདུག་སྙམ།   ང་རང་ཚོ་མདོ་སྟོད་མི་མང་གིས་ཤེས་འཇོན་གཉིས་ལྡན་དང་ཉམས་མྱོང་ཅན་མི་སྣ་བཀའ་སྤྱི་གཉིས་ལ་འདེབས་དགོས་ན་རྒྱ་རི་སྒྲོལ་མ་ནི་འོས་ཤོས་རེད་བསམ་གྱིས་འདུག །   སྤྱིར་འོས་སུ་ལ་འདེབས་སྐྱེ་བོ་སྒེར་སོ་སོའི་འདོད་པ་ཡིན་རུང་ཕན་ཚུན་ངོ་སྤྲོད་དང་བགྲོ་གླེང་བྱེད་རྒྱུ་ནི་ཡར་རྒྱུས་ཀྱི་གཞི་རྩ་ཞིག་ཡིན་པས་གུས་པའི་དེ་ལྟར་བརྗོད་ན་འདོད།