སྤྱི་འཐུས་ཀྱི་འོས་མི་མང་ཡང་མགོ་མི་འཐོམ་པའི་ཐབས་ལམ་གཅིག་ཡོད།
བུད་མེད་གཅིག་ཀྱང་མེད་པས་འོས་ཤོག་དེ་ག་རང་རྩིས་མེད་འགྲོ་ཡི་རེད། གལ་སྲིད་མི་གྲངས་བརྒྱད་མ་གཏོགས་མ་བླུག་ན་བུད་མེད་གཅིག་ཀྱང་མེད་རུང་འོས་ཤོག་འཕྲོག་བརླགས་འགྲོ་ཡི་མ་རེད། ང་ཚོ་བོད་པའི་སྤྱི་ཚོགས་ནང་འོས་འཕེན་གྱི་ལམ་ལུགས་ཤེས་མཁན་དང་མི་ཤེས་མཁན་གཉིས་མང་ཉུང་བསྡུར་ན་མི་ཤེས་མཁན་མང་བ་ཡོད་པ་ཟུར་བལྟས་ལེབ་མཐོང་རེད། དེས་ན་འོས་འདོན་མཁན་ཚོས་ཀྱང་ཡིད་གཟབ་མ་བྱེད་ན་འོས་འདོན་པ་དེས་བོད་པའི་སྤྱི་ཚོགས་ལ་ཕན་པ་ལས་གནོད་ཆེ་བ་ཆགས་སྲིད་ལ། ཁྱེད་རང་གི་འདོད་པ་དང་གཞན་ངོ་སྲུང་བའི་ལས་དོན་དེ་ཡང་དེ་མ་ཉིད་ནས་འཕྲོག་བརླག་འགྲོ་ངེས་ཡིན་པས་ཐུགས་ལ་འཇོག་དགོས། མི་མང་གིས་འོས་འཕེན་སྐབས་ཚོགས་པ་དང་གང་ཟག་བྱེ་བྲག་པ་གཅིག་གིས་བཏོན་པའི་མིང་གཞུང་གཅིག་རང་ཚོད་འཛིན་བྱས་ནས་བླུགས་རྒྱུ་མེད། འོས་མི་བཏོན་ཡོད་པ་ཚང་མའི་ནང་ནས་རང་ཉིད་ལ་རྒྱུས་མངའ་ཡོད་པ་དང། སྤྱི་ཚོགས་ལ་ལེགས་སྐྱེས་ཕུལ་མྱོང་པ་དང་འབུྲལ་བཞིན་པ། ཕུལ་བའི་རེ་བ་ཡོད་མཁན་ཚོ་དྲག་འདེམས་བྱས། དེ་ནས་རང་ཉིད་ཀྱིས་འོས་འཕེན་དགོས་པའི་མི་རྣམས་མིང་གཞུང་བཟོས་ཏེ་བླུགས་ན། རང་ཉིད་ཀྱི་འོས་མི་ལ་རྒྱལ་ཁའི་རེ་བ་ཡོད་ལ་ཕྱོགས་གཅིག་ཁོ་ནའི་ཕྱོགས་སུ་ལྷུང་བའི་དཀའ་ངལ་ལས་གྲོལ་ཐུབ་པ་ཡིན། དེ་མིན་འོས་མི་བཏོན་པའི་མིང་གཞུང་གཅིག་རང་ལ་ཚད་འཛིན་བྱས་པ་ཡིན་ན། དེང་སྐབས་འོས་མི་འདོན་མཁན་མང་ཆེ་བས་ཁ་ལ་རྩ་དོན་དང་ཆིག་སྒྲིལ་འཁྱེར་ཡོད་ཀྱང། དོན་ལ་ལུང་ཚན་དང་ཆོལ་ཁ། མཛའ་གཉེན་སོགས་འཁྱེར་མཁན་མང་བས་རང་མགོ་ཆུ་འདྲེན་བྱེད་པར་ལམ་ཐག་རིང་པོ་མི་འདུག་གཱ ངས་དངོས་ལབ་པ་ཡིན། ཡིན་དང་མིན་ཁྱེད་རང་གིས་ཡག་པོ་གཟིགས།
