ཁྲིམས་ཁང་གི་གསལ་བསྒྲགས།
ཟིན་བྲིས་པ་ཁག་ཅིག་གིས་འདི་ནས་བཅོས་ཟིན་པའི་ཡིག་ནོར་མང་པོ་ཞིག་ད་དུང་ཡང་མུ་མཐུད་ནས་འབྲི་བཞིན་འདུག་པས། དེ་རིགས་མ་གནང་བར་ཟིན་བྲིས་སྤེལ་བའི་རྗེས་སུ་རང་ཉིད་ཀྱི་ཟིན་བྲིས་ནང་ཡིག་ནོར་འདྲ་ཤོར་ཡོད་མེད་ཞིབ་འཇུག་ནན་ཏན་གནང་རོགས་ཞུ་རྒྱུ་ཡིན་ལ། ཡང་ཁ་ཤས་ཀྱིས། དོན་མེད་ཀྱི་སྐྱོན་བརྗོད་དང་། རྙོག་གྲ་སློང་གི་འདུག་པས་དེ་རིགས་ལ་འདི་ག་ཁྲིམས་ཁང་ནས་ལན་རྒྱག་ན་ཕན་ཐོགས་མེད་པར་བསམ་ནས་ལན་གཏན་ནས་རྒྱག་རྩིས་མེད། མདོར་ན། ཁྲིམས་ཁང་འདི་བཙུགས་ནས་རྒྱུན་རིང་ཕྱིན་མེད་ཀྱང་། ཟིན་བྲིས་པ་མང་པོ་ཞིག་ལ་ཕན་ཐོགས་ངེས་ཅན་ཞིག་ཡོད་འདུག་བསམ་ནས་ད་དུང་མུ་མཐུད་ནས་ཟིན་བྲིས་འདི་གཉེར་གྱི་ཡིན། གལ་ཏེ། དེ་ཙམ་ཕན་ཐོགས་མེད་པར་མཐོང་ཚེ་ཁྲིམས་ཞིབ་ཁང་འདི་སྒོ་རྒྱག་གི་ཡིན། བོད་ཀྱི་སྐད་ཡིག་ཁྲིམས་ཁང་ནས་།