དེ་རིང་གི་གངས་སྐྱིད་ཁོར་ཡུག།
སྤྱིར་བཏང་དེའི་རིགས་བོད་པ་མཉམ་འཛོམས་བྱེད་ས་ཡག་པོ་ཞིག་རེད། ཡིན་ནའང་མིང་དང་མཚུངས་པའི་ཁྱད་ལས་པ་མཁས་པ་ཁ་ཤས་ལས་མི་འདུག ཚོགས་ཞུགས་པའི་ནང་ཕྱི་རྒྱལ་ནས་ཡོང་མཁན་དང་རྒྱ་གར་གྲོང་ཁྱེར་ཁག་ནས་ཡོང་མཁན་མང་པོ་འདུག ཁོང་ཚོ་ཕྱི་ལོགས་སུ་མཉམ་དུ་འཛོམས་སྐབས་ཀྱང། ཕན་ཚུན་དབྱིན་སྐད་ཁོ་ན་བེད་སྤྱོད་བྱེད་ཀྱི་འདུག ཕྱོགས་གཅིག་ནས་དབྱིན་སྐད་ཤེས་མཁན་མང་པོ་འདུག་པས། དགའ་དགོས་པ་ཞིག་རེད་མོད། ཕྱོགས་གཅིག་ནས་དབྱིན་སྐད་ཀྱང་ཡང་དག་པ་ཞིག་མ་ཤེས། བོད་སྐད་ཀྱང་མི་ཤེས་མཁན་ཁག་ཅིག་ཡོད་པ་ལྟ་བུ་འདུག ཡིན་ཡང་གངས་སྐྱིད་དུ་ཀྲོག་ཀྲོག་འདྲ་བྱས་ནས་དབྱིན་སྐད་ཁོ་ན་བཤད་ཁུལ་བྱེད་ཀྱི་འདུག